༄༅། །དགེ་ལྡན་བསྟན་སྲུང་དགྲ་ལྷའི་རྒྱལ་པོ་སྲིད་གསུམ་སྐྱེ་དགུའི་སྲོག་བདག་དམ་ལྡན་བུ་བཞིན་སྐྱོང་བའི་ལྷ་མཆོག་སྤྲུལ་པའི་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་རིགས་ལྔ་དྲག་པོ་རྩལ་གྱི་སྒེར་བསྐང་རྒྱས་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་རྔ་དབྱངས་དང་། མཆོད་ཕྲེང་།   ཚོགས་མཆོད། གསེར་སྐྱེམས། འཕྲིན་བསྐུལ་བཅས་བཞུགས་སོ།།



ན་མོ་གུ་རུ་བཛྲ་དྷ་རཱ་ཡ། རྒྱལ་ཀུན་ཡབ་གཅིག་འཇམ་དཔལ་དབྱངས་གང་འདི་ན་ཐ་མལ་དགེ་སྦྱོང་ཟོལ། །བློ་བཟང་རྒྱལ་བའི་དབང་པོ་ཞེས་གྲགས་རྒྱལ་བ་ཉིད་ལས་ཆེས་ལྷག་པའི། །ཚང་ལ་མ་ནོར་དྲི་མེད་ཐུབ་བསྟན་སྔོན་མེད་ཤིང་རྟའི་སྲོལ་འབྱེད་མཁས༑ །ཁྱོད་ཀྱི་ཞབས་སེན་བདག་སྙིང་པདྨོར་བྱང་ཆེན་བར་དུ་རྩེ་གར་རོལ། །རྒྱལ་ཀུན་སྐུ་གསུང་ཐུགས་ཀྱི་གསང་བ་ཀུན་འདུས་དྲུག་པ་རྡོ་རྗེ་འཆང་། །ཤེས་བྱའི་འཁོར་ལོ་ལྷན་སྐྱེས་མཆོག་ཏུ་སྡོམ་མཛད་དཔལ་ལྡན་ཧེ་རུ་ཀ །ཕྱི་ནང་བདུད་སྡེའི་དཔུང་ཚོགས་མཐར་བྱེད་འཇིགས་མཛད་ཁྲོ་བོའི་དབང་པོའི་ཞབས། །དབྱེར་མེད་དཀྱིལ་འཁོར་འཁོར་ལོའི་ཚོགས་ཀྱིས་དངོས་གྲུབ་བྱེ་བའི་ཆར་ཆེན་ཕོབས༑ །འཇམ་དཔལ་གཞོན་ནུ་ཉིད་ཀྱང་མ་རུངས་གཤེད་པོར་འཇིགས་མཛད་ཁྲོ་བོའི་གར། །དཔལ་ལྡན་དུས་དགྲའི་དབང་པོ་ཉིད་ཀྱང་རང་བསྟན་བསྲུང་ཕྱིར་དྲེགས་པའི་ཚུལ། །མཐུ་སྟོབས་རྣོ་མྱུར་རྡོ་རྗེའི་ཤུགས་ཀྱིས་བསྟན་སྲུང་ཀུན་ལས་ཆེས་འཕགས་པ། །རྡོ་རྗེའི་མཚན་ཅན་རྣལ་འབྱོར་རེ་སྐོང་ཡིད་བཞིན་ནོར་བུས་རྟག་ཏུ་སྐྱོངས། །འདིར་ཚང་ལ་མ་ནོར་བའི་བསྟན་པའི་སྙིང་པོ་དགེ་ལྡན་རིང་ལུགས་འཆང་བའི་བསྟན་སྲུང་ཀུན་གྱི་ནང་ནས་ཆེས་ཤིན་ཏུ་གཉན་ཅིང་། མྱུར་ལ་ཐོགས་པ་མེད་པ་རྡོ་རྗེའི་སྟོབས་ཤུགས་དྲག་པོ་གཞན་ལས་ཆེས་ཁྱད་པར་དུ་འཕགས་པ་སྤྲུལ་པའི་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་ཞེས་ཡོངས་སུ་གྲགས་པ་འདི་ཉིད་མཆོད་ཅིང་བསྐངས་པའི་རིམ་པ་ཁྲིགས་ཆགས་སུ་དགོད་པ་ལ། ངེས་པ་བསྐྱེད་པའི་ཕྱིར་ལོ་རྒྱུས་ཅུང་ཟད་དགོད་པ་དང་། མཆོད་ཅིང་བསྐང་བའི་རིམ་པ་ཉིད་བཤད་པའོ། །དེ་ལ་དང་པོ་ནི། འགའ་ཞིག་གིས། ལྷ་མཆོག་སྤྲུལ་པའི་རྒྱལ་པོ་ཆེན་པོ་འདི་ཉིད་ལ་བན་བོན་ཤི་སྟེ་ལས་ངན་གྱིས་ཡིད་ལུས་བཟུང་བའི་རྒྱལ་བཙན་ཕལ་པ་དག་དང་ཁྱད་པར་མ་མཆིས་པར་ལྟ་ཞིང་། གཞན་ལའང་སྐད་གསངས་མཐོན་པོས་སྒྲོག་པར་བྱེད་ལ། རང་ཉིད་ལྟ་ཅི་གཞན་བསྟེན་པར་བྱེད་པ་དག་ལའང་འཕྱ་བར་བྱེད་པ་མང་དུ་སྣང་ཞིང་༑ གཞན་དག་ཀྱང་དེའི་རྗེས་སུ་འབྲང་ཏེ་ལོག་རྟོག་དམ་དུ་བཟུང་བ་ཆེས་མང་བ་དེ་དག་ནི་ཁུངས་མ་ཆོད་པའི་འོལ་ཚོད་སྨྲ་བ་ཁོ་ན་སྟེ། བསྟན་སྲུང་རྒྱལ་པོ་འདི་ཉིད་ནི་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་རྣམ་རོལ་འཁྲུལ་མེད་དུ་གྲགས་ལ༑ སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ནི་པཎ་ཆེན་བསོད་གྲགས་དང་། རྗེ་འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན་གྱི་སྐྱེ་མཐར་འཁྲུལ་པ་མེད་དོ། །དེའི་ཕྱིར་བདག་ཉིད་ཆེན་པོ་དེ་དག་ནི་ཐུབ་པའི་བཅས་མཚམས་ཕྲ་མོ་ལས་མི་འདའ་བའི་གནས་བརྟན་འདུལ་བ་འཛིན་པ། བདག་པས་གཞན་གཅེས་ཀྱི་སེམས་དཔའ་ཆེན་པོ། མདོ་སྔགས་རིག་གཞུང་དང་བཅས་པའི་གསུང་རབ་རྒྱ་མཚོ་ལྟ་བུ་ལ་དབང་འབྱོར་བའི་མཁས་པའི་དབང་པོ། རིམ་གཉིས་ཀྱི་རྟོགས་པ་མཆོག་ལ་མངའ་བརྙེས་པའི་གྲུབ་པའི་དབང་ཕྱུག་ཆེན་པོ་ཡིན་པར་ཀུན་ལ་གྲགས་ཤིང་གྲུབ་པ་ལྟར་ལ། དེ་ཉིད་དྲེགས་པའི་སྐུར་བཞེངས་པའམ་སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་དགོས་པ་ཁྱད་པར་ཅན་གྱི་སླད་དུ་སྐུའི་རྣམ་པར་བསྟན་པ་ཙམ་ལས། ཕལ་པ་གཞན་ལྟར་ལས་ངན་པའི་ཤུགས་ཀྱིས་མཁའ་ལ་རྒྱུ་བའི་ཡི་དྭགས་སུ་སྐྱེ་བ་ག་ལ་སྲིད། གལ་ཏེ་དེ་ལྟར་དུ་སྐྱེ་བར་སྨྲ་ན་ནི་ལས་མ་བྱས་པ་འཕྲད་པ་དང་། བྱས་པ་ཆུད་ཟ་བ་སོགས་སུ་འགྱུར་བས༑ ལས་འབྲས་ཀྱང་མི་བདེན་པར་སྨྲ་བ་སོགས་སྐུར་འདེབས་ཐ་ཆད་དུ་འགྱུར་རོ། །དེར་མ་ཟད་རྗེ་འདུལ་བ་འཛིན་པ་ནི་བུ་སྟོན་ཐམས་ཅད་མཁྱེན་པའི་རྣམ་རོལ་དུ་གྲུབ་ལ། བུ་སྟོན་རྗེ་ནི། འཇམ་དབྱངས་བིར་ཝ་པ། ས་པཎ་སོགས་ཀྱི་སྐྱེ་མཐར་རྣམ་ཐར་དེབ་ཐེར་ཁུངས་ལྡན་དུ་མར་རྩོད་མེད་དུ་ཡོངས་སུ་གྲགས་པས། འཕགས་བོད་ན་ཉི་ཟླ་ལྟར་གྲགས་པའི་པཎ་གྲུབ་ཆེན་པོ་དེ་དག་གི་སྐྱེ་མཐའ་ལ་དམན་པའི་ལུས་ངན་བླངས་པའི་ཡི་དྭགས་རང་མཚན་པར་ལྟ་ཞིང་སྨྲ་བ་ནི༑ བདག་ཉིད་ཆེན་པོ་དེ་དག་ལ་སྐུར་པ་འདེབས་པ་ལོག་རྟོག་ངན་སོང་མི་བཟད་པའི་རྒྱུ་ཡིན་པས། འདི་ལྟ་བུ་དག་ལ་ཀུན་གྱིས་བག་ཡོད་པར་བྱོས་ཤིག །གལ་ཏེ་དེ་ལྟར་ཡིན་ན་བདེན་མོད། འོན་ཀྱང་བདག་ཉིད་ཆེན་པོ་དེ་ལྟ་བུ་དག་ནི་འཇིག་རྟེན་དྲེགས་པའི་རྣམ་པར་འགྱུར་བ་མི་སྲིད་པས། དེ་ལ་བརྟེན་གསོལ་གུས་མཆོད་བྱེད་པའང་མི་རིགས་སོ་ཞེ་ན། བདག་ཉིད་ཆེན་པོ་དག་ལས་ཉོན་གྱི་དབང་གིས་དེ་ལྟ་བུའི་ལུས་གཟུང་བ་མི་སྲིད་པ་ནི་བདེན་ཡང་། སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་དགོས་པ་ཁྱད་པར་ཅན་གྱི་ཆེད་དུ་དེ་ལྟ་བུའི་རྣམ་པར་རོལ་པ་ནི་ངེས་པར་ཡོད་དེ། དེ་བཞིན་གཤེགས་པས་སེམས་ཅན་གྱི་དོན་དུ་འགྱུར་ན། དེ་ལས་ཀྱང་དམན་པ་བྱ་དང་རི་དྭགས། བདུད་དང་སྲིན་པོ། ཆགས་ཅན་དང་རྨོངས་པ། ཞ་བ་དང་ལོང་བ་སོགས་ཀྱི་རྣམ་པར་སྟོན་པ་མདོ་བསྟན་དུ་མ་ལས་གསུང་པ་སྒྲ་ཇི་བཞིན་པར་ཁས་ལེན་དང་ལེན་བཞིན་དུ་རྒྱལ་བསྟན་སྲུང་བའི་དྲེགས་པའི་རྣམ་པར་བཞེངས་པ་མེད་དོ་ཞེས་སྨྲ་བ་ནི། ཕྱོགས་ལྷུང་གི་རྡོལ་གཏམ་ཁོ་ནར་ཟད་དོ། །གཞན་ཡང་། གནས་ཆུང་སྤྲུལ་པའི་ཆོས་རྒྱལ་རྡོ་རྗེ་གྲགས་ལྡན་ཆེན་པོས་ཀྱང་པཎ་ཆེན་བསོད་གྲགས་སྐུ་ཕྲེང་སྔ་ཕྱིར་སྔོན་གྱི་ཐུགས་བསྐྱེད་དང་དམ་བཅའ་མ་བོར་བར་དགེ་ལྡན་ཐུན་མོང་མིན་པའི་སྲུང་མའི་སྐུར་བཞེངས་ཤིག་ཅེས་ཡང་ནས་ཡང་དུ་སྐུལ་མ་མཛད་པའི་ལོ་རྒྱུས་རྣམ་ཐར་ན་ཡོད་དོ། །མཆོད་པར་ཡང་རིགས་ཏེ། དེ་བཞིན་གཤེགས་པའི་སྤྲུལ་པར་གྱུར་པའི་རི་དྭགས་རུ་རུ་སོགས་ཀྱང་མཆོད་པའི་ཞིང་དམ་པ་ཡིན་པར་བཀའ་བསྟན་ཚད་མར་གྱུར་པ་དུ་མ་ལས་གསུངས་པ་བཞིན་ནོ། །དེས་ན་བསྟན་སྲུང་ཆེན་པོ་འདི་ཉིད་ནི་རྗེ་བཙུན་འཇམ་དབྱངས་ཞི་ཁྲོ་ཉིད་རང་བསྟན་སྲུང་ཕྱིར་འཇིགས་བྱེད་དྲེགས་པའི་སྐུར་བཞེངས་པ་ཡིན་པར་གདོན་མི་ཟ་བར་གྲུབ་ཅིང་། དེའི་ཕྱིར་དགེ་ལྡན་པའི་བཤད་སྒྲུབ་དྲི་མ་མེད་པ་གང་ན་ཡོད་པ་དེར་བསྟེན་ཅིང་མཆོད་པ་ལ་མ་ལྟོས་པར་སྲུང་ཞིང་སྐྱོབ་པར་མཛད་ལ། ཞྭ་སེར་གྱི་བསྟན་པ་ལ་ལོག་པར་སྤྱོད་པའི་འགྲོ་བ་མཆོག་དམན་ཀུན་ལ་དྲག་པའི་ཆད་པ་ཐོག་ལྟར་འབེབས་ཤིང་། བསྟེན་ཅིང་མཆོད་པའི་དགེ་ལྡན་གྱི་བསྟན་པ་འཛིན་པའི་དཔོན་སློབ་དགེ་འདུན་གྱི་སྡེ་དང་བཅས་པར་སྙིང་ཉེ་ཞིང་ལས་བཞིའི་འཕྲིན་ལས་སྒྲུབ་པ་ལ་དགོས་འདོད་སྩོལ་བའི་ཡིད་བཞིན་གྱི་ནོར་བུ་དང་མཚུངས་པ་སོགས་རང་གི་མྱོང་གྲུབ་ཀྱིས་བསྙད་པར་བྱ་བ་མང་ན་ཡང་། རེ་ཞིག་དེ་ཙམ་མོ། །གཉིས་པ་མཆོད་ཅིང་བསྐང་བའི་རིམ་པ་ཉིད་བཤད་པ་ལ། མཆོད་གཏོར་ཇི་ལྟར་བྱ་བ་སོགས་སྦྱོར་བ་ཡོ་བྱད་ཀྱི་བཤོམ་སྒྲིག་དང་། བསྐང་ཆོག་དངོས་ལ་འཇུག་པའོ། །དང་པོ་ལ། སྒྲུབ་གཏོར་རམ་འཛིན་གཏོར་ཇི་ལྟར་བྱ་བ་དང་། འཕྲལ་གྱི་བསྐང་གཏོར་ཇི་ལྟར་བྱ་བ་གཉིས་ལས། དང་པོ་ནི། ཡིད་མཐུན་རུང་བའི་གནས་སུ་བྱི་དོར་ལེགས་པར་བྱས། གཡང་གཞིའི་བླ་བྲེ། རྒྱུ་རློན་གྱི་ལྡ་ལྡི། རུས་པའི་ཕྲེང་བ། སྟག་གཟིགས་དོམ་དྲེད་ལ་སོགས་པའི་གཅན་གཟན་གདུག་པ་ཅན་གྱི་པགས་པ། ཁྲབ་རྨོག་གྲི་མདུང་ཕུབ་ལ་སོགས་པའི་གོ་མཚོན། དར་ཚོན་གཡུ་བྱུར་ལ་སོགས་པའི་དོ་ཤལ་སོགས་མཛེས་ཤིང་ཡིད་དུ་འོང་བར་བཀྲམ༑ ཐང་ཞྭ་རྡོར་དྲིལ། ཆོས་གོས་རྣམ་གསུམ། ཆུ་གྲི། གྲི་སྙིང་སོགས་མདོར་ན་འོག་ནས་འབྱུང་བའི་ཞི་དྲག་གི་བསྐང་རྫས་རྣམས་དངོས་སམ་བཅོས་མ་རི་མོར་བྲིས་པ་ཚུན་ལེགས་པར་བཤམ། བསྟན་བསྲུང་འདི་ཉིད་ཀྱི་བྲིས་འབུར་གྱི་སྣང་བརྙན་སོགས་བཀྲམ། དེའི་མདུན་དུ་གཏོར་མའི་རྒྱུ་ནས་ནག་རྗེན་བཏགས་ལ་བདུད་རྩི་རིལ་བུ་ཤ་སྣ་ཁྲག་ཆང་མར་ཁུ་སོགས་ཀྱིས་སྦྲུས་པའི་རིགས་ལྔའི་གཙོ་གཏོར་དམར་པོ་སྙིང་གཟུགས། ཞི་གཏོར་དཀར་པོ་ཟླུམ་པོ༑ རྒྱས་གཏོར་སེར་པོ་ནོར་གཟུགས། དབང་གཏོར་དམར་པོ་ཟླུམ་པོ། དྲག་གཏོར་ནག་པོ་གྲུ་གསུམ་རྣོ་དབལ་ཅན། དེ་ཐམས་ཅད་ལ་གཏོར་མའི་སྐེད་ཙམ་ནོན་པའི་མཐེབ་ཀྱུ་བརྒྱ་རྩ་རེས་བསྐོར་ལ། ལས་མཐུན་གྱི་དར་སྣའི་ཅོད་པན་ཡང་དཔྱངས། གཏོར་སྣོད་ཀྱང་གྲུབ་ན་གཙོ་དྲག་གཉིས་ལ་ཐོད་པ་དང་། འཇམ་པོ་གསུམ་ལ་རིན་པོ་ཆེའི་སྣོད་དུ་བཞེངས། དེ་དག་གི་ཕྱི་རོལ་དུ་འཁོར་གཏོར་ཡུམ་དགུ་ལ་སོ་སོར་དམར་གཏོར་ཟླུམ་པོ་རེ། སྣ་འདྲེན་དགེ་སློང་བརྒྱད་རེ་རེ་ལ་དམར་གཏོར་རེ། ལས་མཁན་སྟག་ཤར་བཅུ་ལ་སོ་སོར་དམར་གཏོར་གྲུ་གསུམ་རེ། ལས་བྱེད་ཁ་ཆེ་དམར་པོར་དམར་གཏོར་གྲུ་གསུམ། དྲེགས་པ་སྡེ་བརྒྱད་ལ་རང་རང་གི་གཏོར་མ་སྤྱི་ལྟར་བྱའམ་ཐུན་མོང་དུ་བཅད་ཁམ་ཅན་གང་མང་བཅས་ཞི་དྲག་གི་རྒྱན་གྱིས་མཛེས་པར་སྤྲས། མཐུན་རྫས་ཀྱང་ཞི་གཏོར་གྱི་མདུན་དུ་ཕྱེ་མར་ཞོ་འོ་མ་ཕྱུར་བ་ཇ་སོགས། རྒྱས་གཏོར་གྱི་མདུན་དུ་ཤིང་ཏོག་མངར་མོའི་རིགས་དང་། སྨན་དྲི་བཟང་པོ་ཅན་གྱི་རིགས། དབང་གཏོར་གྱི་མདུན་དུ་ཤིང་ཏོག་དང་། སྨན་སྐྱུར་མོའི་རིགས་ཆང་གར་མ་སོགས། དྲག་གཏོར་གྱི་མདུན་དུ་ཤ་ཁྲག་རུས་པ་དུག་སྣ་ཚོགས་བཅས་བཤམ། ཉེར་སྤྱོད་ཀྱང་མཆོད་ཡོན་སོགས་འཇམ་པོ་གསུམ་ལ་རང་རང་ལས་མཐུན་གྱིས་ཁ་བསྒྱུར་བ༑ ཞལ་ཟས་ཞི་བར་དཀར་ཟླུམ། རྒྱས་པ་སེར་པོ་ནོར་གཟུགས། དབང་ལ་དམར་ཟླུམ། དྲག་མཆོད་ཁྲག་གི་ཨརྒྷཾ། དབང་ལྔའི་མེ་ཏོག །ཚིལ་ཆེན་གྱི་བདུག་སྤོས། ཞུན་ཆེན་དང་སྣུམ་ནག་བསྲེས་པའི་མར་མེ། མཁྲིས་པ་དང་བསིལ་སྨན་སྣ་ཚོགས་ཀྱི་དྲི་ཆབ། ཤ་རུས་སྣ་ཚོགས་ཟན་དང་སྦྱར་བའི་བཤོས་བུ་ཟུར་གསུམ། སྨན་རག་གསེར་སྐྱེམས་བཅས་དང་། གཞན་ཡང་ཡི་དམ་གང་བྱེད་ཀྱི་མཆོད་གཏོར། མཁའ་འགྲོ་སྤྱི་གཏོར། གཞི་བདག་གཏོར་མ། ཌཱ་དྲིལ་རྔ་རོལ་དུང་རྒྱ་གླིང་སོགས་སྤྲོས་པ་ཇི་ལྟར་ལྕོགས་པ་བཞིན་འདུ་བྱ་བ་སྟེ། དེ་དག་ནི་འཛིན་གཏོར་སྒྲུབ་གཏོར་ལོ་གཏོར་སོགས་ཅུང་ཟད་རྒྱས་པར་བྱ་བའི་རིམ་པའོ། །གཉིས་པར་འཕྲལ་གྱི་བསྐང་གཏོར་མདོར་བསྡུས་བྱ་བ་ནི། གཙོ་བོ་རིགས་ལྔར་ཤ་གཟུགས་མ་ལྔ། འཁོར་གཏོར་རྣམས་སྔར་བཞིན་དང་། ཤིན་ཏུ་བསྡུ་ན་གཙོ་བོ་རིགས་ལྔར་སྔར་ལྟར་དང་དེའི་མཐར་འཁོར་གཏོར་མ་ཐེབ་ཀྱུ་ཙམ་གྱིས་བསྐོར། མཆོད་པའང་ཞི་དྲག་གི་ཉེར་སྤྱོད་གཉིས་ཙམ་གྱིས་རུང་ངོ་། །གཉིས་པ་བསྐང་ཆོག་དངོས་ལ་འཇུག་པ་ནི། སྒྲུབ་པ་པོ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་དུ་ཞུགས་ཞིང་དབང་ཐོབ་པ་སྤྱི་བྱེ་བྲག་གི་དམ་ཚིག་ལ་གནས་པས་སྐྱབས་སེམས༑ དགའ་ལྷའི་རྣལ་འབྱོར་དང་འབྲེལ་བའི་དམིགས་བརྩེ་མ། འཇིགས་མཛད་རྡོ་རྗེའི་བདག་བསྐྱེད་རྒྱས་པའམ་ཤིན་ཏུ་བྲེལ་སྐབས་སྐད་ཅིག་ཀྲོང་སྐྱེད་ཙམ་གྱིས་ཀྱང་རུང་སྟེ། གང་ལྟར་ཡང་བླ་མ་བློ་བཟང་འཇིགས་མཛད་རྡོ་རྗེའི་ང་རྒྱལ་དང་གསལ་སྣང་བརྟན་པོས་གནས་ཡོ་བྱིན་གྱིས་རློབ་ཅིང་གཟི་བྱིན་སྐྱེད་པ་ནི། སྤོས་སྦྱོར་བསྲེགས་ཏེ་རོལ་མོའི་སྒྲ་རྒྱུན་རིང་འབེབས་པ་དང་སྦྲགས། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོཿ བཛྲ་སྥ་ར་ཎ་ཁཾ། ལན་གསུམ་བརྗོད། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ནེ། པྲ་ཛྙཱ་པཱ་ར་མི་ཏཱ། ནཱ་ད་སྭ་བྷཱ་ཝེ། བཛྲ་སཏྭ་ཧྲྀ་ད་ཡ། སནྟོ་ཥ་ནི་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་སྭཱ་ཧཱ། ཧཱུྃ༑ རིགས་གསུམ་གཅིག་འདུས་བློ་བཟང་རྡོ་རྗེ་འཆང་། །ཡབ་སྲས་བརྒྱུད་པར་བཅས་པའི་ཐུགས་རྗེ་ཡིས། །བདག་དང་གནས་ཡོ་མཆོད་རྫས་སྣོད་བཅུད་ཀུན། །ཡེ་ཤེས་ཆེན་པོའི་རོལ་པར་བྱིན་གྱིས་རློབས། །མཆོད་མགྲོན་ལྷ་སྲུང་དམ་ཅན་རྒྱ་མཚོའི་ཚོགས། །ཀུན་མཁྱེན་བློ་བཟང་གྲགས་པའི་མཐུ་བྱིན་གྱིས༑ །ལས་བཞིའི་འཕྲིན་ལས་གང་དང་གང་བསྐུལ་བའི། །འདོད་དོན་རྟགས་མཚན་མྱུར་བའི་དཔའ་ངར་སྐྱེད། །གང་སྐུའི་ལུས་དཀྱིལ་ལྷ་ཚོགས་ཞུ་བ་ལས། །འོད་དང་བདུད་རྩི་སྣ་ལྔའི་རྒྱུན་བབས་ཏེ། །བསྟན་སྲུང་འཁོར་བཅས་སྤྱི་བོ་ནས་ཞུགས་པས། །གཟི་བརྗིད་མཐུ་སྟོབས་ལྷག་པར་འབར་གྱུར་ཅིག །རྣལ་འབྱོར་བདག་དང་རྒྱུ་སྦྱོར་འཁོར་བཅས་ཀྱི། །ཆོས་དང་མཐུན་པའི་འདི་ཕྱིའི་བྱ་བ་གང་། །སྒྲུབ་ལ་འགལ་རྐྱེན་སེལ་དང་མཐུན་པའི་རྐྱེན། །མ་ལུས་མྱུར་དུ་འགྲུབ་པའི་གཟིགས་པས་སྐྱོངས། དེ་ནས་མཆོད་རྫས་རྣམས། ཨོཾ་ཧྲཱིཿཥྚཱིཿ་ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཧཱུྃ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི། ཞལ་ཟས། རོལ་མོ་ལ་སོགས་པ་རྣམས་རང་བཞིན་བདེ་སྟོང་རྣམ་པ་མཆོད་རྫས། བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་པཱ་དྱཾ་ཨཱཿཧཱུྃ། ཨོཾ་པུཥྤེ་ཨཱཿཧཱུྃ། ཨོཾ་དྷུ་པེ་ཨཱཿཧཱུྃ། ཨོཾ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཨོཾ་གནྡྷེ་ཨཱཿཧཱུྃ། ཨོཾ་ནཻ་ཝི་དྱ་ཨཱཿཧཱུྃ། ཨོཾ་ཤཔྟ་ཨཱཿཧཱུྃ།  ཨོཾ་རཱུ་པ་ཨཱཿཧཱུྃ། ཨོཾ་ཤཔྟ་ཨཱཿཧཱུྃ༑ ཨོཾ་གནྡྷེ་ཨཱཿཧཱུྃ། ཨོཾ་ར་ས་ཨཱཿཧཱུྃ། ཨོཾ་སྤརྴ་ཨཱཿཧཱུྃ། ཞེས་བླ་མེད་ལྟར་བྱིན་གྱིས་བརླབ། བསྐྱེད་ཆོག་དངོས་ལ་འཇུག་པ་ནི། ཨོཾ་ཧྲཱིཿཥྚཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷ་ཝ་ཤུདྡྷོ྅ཧཾ། འཁོར་འདས་སྣང་སྲིད་ཀྱི་ཆོས་ཐམས་ཅད་སྣང་བ་ལྟར་མ་གྲུབ་པའི་འོད་གསལ་སྟོང་པ་ཉིད་ཀྱི་ངང་ནས་རང་སེམས་ཡུལ་ཅན་འབྲས་དུས་ཀྱི་བདེ་བ་ཆེན་པོ་དང་ཡུལ་ཆོས་ཉིད་གཉིས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་བཻ་ཌཱུརྻའི་ས་གཞིར། གསུང་རབ་མ་ལུས་གདམས་ངག་ཏུ་འཆར་བའི་སྐྱེད་མོས་ཚལ། རྒྱལ་བའི་དགོངས་པ་མཐར་ཐུག་གི་འབྲས་བུ་གཡུར་དུ་ཟ་བའི་དཔག་བསམ་གྱི་ཤིང་ཡལ་ག་བདུན་ལྡན་ལ་བྱང་ཆུབ་ཡན་ལག་བདུན་གྱི་རྒྱལ་སྲིད་སྣ་བདུན་གྱིས་མཚན་པ། འཇིག་རྟེན་ཆོས་བརྒྱད་དབྱིངས་སུ་དག་པའི་ཡན་ལག་བརྒྱད་ལྡན་གྱི་མཚོ་དང་། ས་དྲུག་པའི་རྨི་ལྟས་མངོན་དུ་གྱུར་པ་དང་མཚུངས་པའི་རྫིང་བུ་དལ་གྱིས་འབབ་པ་ལ་འཕགས་རིགས་བཞིའི་བྱ་དང་རི་དྭགས་རྒྱུ་བ། ཐེག་མཆོག་འཁོར་ལོ་བཞི་དང་མཐོ་རིས་ཀྱི་ཡོན་ཏན་བདུན་གྱི་ཁང་བཟང་སྤང་ལྗོངས་ནེའུ་གསིང་མེ་ཏོག་ཁ་དོག་སྣ་ཚོགས་པས་བཀྲ་བ་ལ་འཕགས་ནོར་བདུན་གྱི་ལྷ་མིའི་དཔལ་འབྱོར་གྱི་བཀོད་པ་ཁྱད་པར་དུ་འཕགས་པ་མཐའ་ཡས་པས་གཏམས་པ། ཉེས་སྤྱོད་ཆེན་པོས་མཚོན་ལས་རླུང་འགེགས་པའི་ས་ལྟ་བུ་ནས་སྤྲིན་ལྟ་བུའི་བར་གྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་རི་བོས་མཐའ་བསྐོར་བའི་དབུས་སུ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་རིན་པོ་ཆེའི་ཕོ་བྲང་སུམ་བརྩེགས། རྒྱ་བོད་ཀྱི་གྲུབ་མཐའ་རིས་མེད་ཐམས་ཅད་ལས་ལྟ་སྒོམ་སྤྱོད་གསུམ་གང་གི་སྒོ་ནས་ལུང་རིགས་དྲི་མ་མེད་པའི་ལུགས་བཟང་ཀུན་ལ་མེད་པའི་ཁྱད་པར་འཕགས་ཆོས་བྱེ་བས་མཚན་ཞིང་རི་བོ་དགའ་ལྡན་པའི་བསྟན་པའི་དབུ་འཕང་བསྟོད་པའི་གསེར་གྱི་རྒྱ་ཕིབས་སུམ་བརྩེགས། དབེན་ས་སྙན་བརྒྱུད་ཀྱི་གདམས་པའི་མཐུ་ལས་ཚེ་ཐུང་ཉིད་ལ་གྲུབ་པའི་སྐུ་གསུམ་གྱི་ནོར་བུའི་ཏོག་ལོངས་སྐུའི་ཞིང་འོག་མིན་དུ་སྙེག་པ། ནང་པའི་གྲས་སུ་རློམ་ཡང་ལྟ་ངན་གྱི་གཅོང་རོང་དུ་ལྷུང་བ་བཞི་ལས་མངོན་པར་རྒྱལ་བའི་དབུ་ཚད་ཀྱི་རིགས་པའི་ལམ་ནས་དྲངས་པའི་ལྟ་བ་རྣམ་པར་དག་པའི་རྒྱལ་མཚན་དང་བ་དན་བརྒྱད་རེ་ཀུན་ལ་ངོམ་ཕྱིར་འཕྱར་བ། རྒྱ་ཧོར་བོད་གསུམ་སོགས་སྟོང་གསུམ་ཀུན་ཏུ་རྗེའི་བསྟན་པ་དང་བཀའ་དྲིན་གྱིས་ཁྱབ་པའི་གདུགས་དཀར་པོ་བཞི། དེ་དག་རྣམས་ཀྱི་དར་ལྕེའི་སྣེ་མོར་དབུ་ཕར་འདུལ་མཛོད་ཚད་མ་རྒྱུད་སྡེ་གོང་འོག་གི་བརྗོད་དོན་མཐའ་ཆོད་པ་རྒྱུ་མཚན་ཉིད་ཐེག་པའི་དཔྱད་གསུམ་དག་པའི་རིགས་པའི་ལམ་ནས་སྒྲོག་པའི་སིལ་སྙན་དྲིལ་ཆུང་གཡེར་ཁའི་སྒྲ་རྒྱུན་ཆད་མེད་པར་འཁྲོལ་བ། ལྟུང་བའི་སྒོ་བཞི་ཁེགས་པའི་ཐེམ་སྐས་བཞི། སྟོབས་བཞི་ཚང་བའི་འདོད་སྣམ་གྱིས་བསྐོར་བ་ལ་ཕྱིན་དྲུག་དང་བསྡུ་བཞིའི་ཉམས་ལེན་ལ་མཁས་པའི་མཆོད་པའི་ལྷ་མོའི་ཚོགས་ཀྱིས་བསྐོར་བ། འཕགས་ལམ་བརྒྱད་ཀྱིས་ཀ་བ་བརྒྱད་དེ། རྣམ་བྱང་ཕྱོགས་ཀྱི་ཆོས་སོ་བདུན་གྱི་དྲ་བ་དྲ་ཕྱེད་སོགས་མཆོད་རྫས་ཡིད་དུ་འོང་བ་བརྗོད་ཀྱིས་མི་ལང་བས་མཛེས་པར་བྱས་པའི་གཞལ་ཡས་ཁང་གི་དབུས་སུ་རིན་པོ་ཆེའི་གདན་ཁྲི་ཡངས་པའི་ངོས་ལ་བརྟེན་པའི་རབ་བརྗིད་གདོང་ལྔའི་དབང་པོ་མི་འཇིགས་པ་བཞིས་འཇིགས་སུ་རུང་བ། རིན་པོ་ཆེའི་རྒྱན་དང་དར་ཟབ་ཀྱིས་གཡོགས་པའི་སྟེང་དུ་ཡ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་སྟེང་འོག་ཕྱོགས་མཚམས་སུ་འཕྲོས་པས་སྲིད་ཞིའི་མགྲོན་རྣམས་ཡན་ལག་བདུན་གྱིས་མཆོད། རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་སྡུག་ཀུན་གྱི་ཉེས་སྐྱོན་ཐམས་ཅད་དང་མ་དག་པའི་སྣོད་བཅུད་ཀྱི་ཉེས་སྐྱོན་སྦྱངས། །སྨིན་གྲོལ་གྱི་ལམ་ལ་བཀོད། ཞིང་བཅུའི་དགྲ་བགེགས་ཐམས་ཅད་ཡེ་ཤེས་ཀྱི་མེས་བསྲེགས། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས་ངོ་བོ་འཇམ་དཔལ་གཤིན་རྗེའི་གཤེད་དང་དབྱེར་མ་མཆིས་པ་རྣམ་པ་འཇམ་མགོན་བསྟན་སྲུང་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་རྩལ་སྐུ་མདོག་དམར་སྨུག་ཞལ་གཅིག་ཕྱག་གཉིས་པ་དགྱེས་འཛུམ་བཞད་པའི་ཞལ་ཅུང་ཟད་གདངས་ཤིང་ལྗགས་འདྲིལ་བ། སྙིང་རྗེའི་ཤུགས་ཀྱིས་རྔམ་པའི་སྤྱན་གསུམ་གཡོ་བ། སྨ་ར་དང་སྨིན་མ་མེ་ལྟར་འཕྲོ་བ༑ ཕྱག་གཡས་གསེར་གྱི་སྤུ་གྲི་ནམ་མཁའ་ལ་འཕྱར་ཞིང་། གཡོན་པས་དགྲ་བགེགས་ཀྱི་དོན་སྙིང་རྩ་བ་དང་བཅས་པ་ཐུགས་ཀར་བསྣམས་པ་མཆན་ཁུངས་གཡོན་ན་དགོས་འདོད་ལྷུག་པར་སྩོལ་བའི་གཏེར་གྱི་ནེའུ་ལེ་དང་། ཁམས་གསུམ་དབང་དུ་འགུགས་པའི་གསེར་གྱི་ལྕགས་ཀྱུ་བསྣམས་པ། དབུ་ལ་འཛམ་བུ་ཆུ་བོའི་གསེར་གྱི་མདངས་ཅན་གྱི་ཐང་ཞུ་དར་གྱི་རྒྱན་ཅན་གསོལ་བ། རབ་བྱུང་གི་ཆ་བྱད་ཅན་ཆོས་གོས་རྣམ་གསུམ་ལྷབ་ལྷུབ་ཏུ་འཆང་བ། ཞབས་ལ་གསང་ཕུ་སྟག་ལྷམ་བཞེས་པ། སྐུའི་སྤྲུལ་པས་འཇིག་རྟེན་ཁྱབ་པ༑ གསུང་གི་འཕྲིན་ལས་ཀྱི་བསྟན་པ་སྲུང་བ། ཐུགས་ཀྱི་དགོངས་པ་སྟོབས་བཅུ་དང་ལྡན་པ། རྣམ་འགྱུར་མ་ངེས་པ་ཅི་ཡང་སྟོན་པའི་སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་རླུང་འཁྲུགས་པའི་དབུས་ན་བཞུགས་པ། གཙོ་བོའི་ཕུང་ཁམས་སྐྱེ་མཆེད་ཡན་ལག་རྣམས་ལས་འོད་ཟེར་དུམ་རེ་སྤྲོས་པ་ལས། གཙོ་བོའི་མདུན་དུ་རྣམ་སྣང་ཤུགས་ལྡན་རྩལ་སྐུ་མདོག་དཀར་པོ་ཁྲོ་ཞིང་འཛུམ་པ་ཕྱག་གཡས་མདའ་དར་མེ་ལོང་གིས་བརྒྱན་པ་འཕྱར་ཞིང་། གཡོན་ཞགས་པ་འཛིན་པ་སྐུ་ལ་དར་དཀར་གྱི་འཇོལ་བེར་དང་། དབུ་ལ་ལ་ཐོད་གསེར་མ་གསོལ་བ༑ གླང་ཆེན་སྣ་རིང་ལ་ཆིབས་པ། གཡས་སུ་རིན་ཆེན་ཤུགས་ལྡན་རྩལ་སྐུ་མདོག་སེར་པོ་གཡས་གསེར་གྱི་ཚེ་བུམ་འཆི་མེད་ཚེའི་བདུད་རྩིས་གང་བ་དཔག་བསམ་གྱི་ཤིང་གི་ཁ་རྒྱན་ཅན་ནམ་མཁར་འཕྱར་ཞིང་། གཡོན་ནོར་གཞོང་འཛིན་པ། རིན་པོ་ཆེའི་རྒྱན་དང་རྩེ་བེར་སེར་པོ་གསོལ་བ། སྒ་སྲབ་ཆས་མཛེས་ཀྱི་ལྷ་རྟ་ངང་དཀར་ལ་ཆིབས་པ། རྒྱབ་ཏུ་པདྨ་ཤུགས་ལྡན་རྩལ་ཁྲག་མདོག་རྔམ་བརྗིད་འཛུམ་ཞིང་ཆགས་པའི་ཉམས་ཅན་གཡས་ཁམས་གསུམ་དབང་དུ་འགུགས་པའི་ལྕགས་ཀྱུ་དར་དམར་གྱིས་བརྒྱན་པ་ནམ་མཁར་འཕྱར་ཞིང་༑ གཡོན་རིན་པོ་ཆེའི་ཞགས་པ་འཛིན་པ། དར་དམར་ཀྱི་གོས་གྱོན་ཅིང་མེ་ཏོག་དམར་པོའི་རྒྱན་ཅན་ཞང་བློན་གྱི་ཆ་ལུགས་ཅན་གཡུ་འབྲུག་ལ་ཆིབས་པ། གཡོན་དུ་ཀརྨ་ཤུགས་ལྡན་རྩལ་ཤིན་ཏུ་དམར་སྨུག་ཁྲོས་པའི་ཚུལ་ཅན་གཡས་རལ་གྲི་དགྲ་ལ་འཕྱར་ཞིང་། གཡོན་ཙིཏྟ་ཞལ་དུ་སྟོབ་པ། དར་དག་གི་ན་བཟའ་ཅན། དྲག་པོའི་བྱ་ཁྱུང་ལ་ཆིབས་པ། དེ་དག་གི་མཐའ་སྐོར་དུ་དམ་ཅན་ཕྱི་ནང་གསང་བའི་འཁོར་ཚོགས་རིམ་པ་བཞིན་དུ་བསྐོར་བ་ལས་དང་པོ་དུས་འཁོར་གྱི་ནུས་མ་བརྒྱད་ལྟར་གཙོ་བོའི་སྦྱོར་ཡུམ་དགུ་ནི་འབྱུང་བ་བཞི་ལ་དབང་ཞིང་། འདོད་ཡོན་སྣ་ལྔའི་མཆོད་རྫས་ཐོགས་པ། རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་སྤྲས་ཤིང་དར་སྣ་ཚོགས་ཀྱི་ན་བཟའ་གསོལ་བ། རྡོ་རྗེ་ཐེག་པའི་ལམ་ལ་བོགས་འབྱིན་སྟེར་བའི་མཛེས་སྡུག་གི་ལྷ་མོ་དགུ། རྒྱལ་བསྟན་རྩ་བ་སོ་ཐར་གྱི་བསླབ་ཁྲིམས་དག་པ་སོགས་འདུལ་བའི་ཕྱག་ལེན་ཕྲ་ཞིབ་སྤེལ་བའི་འཕྲིན་ལས་ཀྱི་སྣ་འདྲེན་པའི་དགེ་སློང་བརྒྱད། དེ་དག་ཀྱང་ཆོས་གོས་ངུར་སྨྲིག་གྱོན་ཞིང་། དབུ་ལ་ལ་ལས་ཐང་ཞྭ་དང་། ལ་ལས་པཎ་ཞྭ། འགའ་ཞིག་ཞྭ་སེར། རེས་འགའ་སྒོམ་ཞྭ་གསོལ་བ༑ ཕྱག་ནའང་འཁར་བསིལ་ལྷུང་བཟེད་གླེགས་བམ་རྡོར་དྲིལ་ཐོགས་པ། ཞལ་ནས་ལེགས་བཤད་ཀྱི་སྒྲ་དིར་དིར་སྒྲོག་པ། གྲུབ་མཐའི་ཕྱོགས་སུ་ལྷུང་བས་མདོ་སྔགས་ཀྱི་བསྟན་པ་ཡོངས་རྫོགས་ཀྱི་གནད་བསྡུས་པའི་བཤད་སྒྲུབ་ཀྱི་བྱ་བར་གཤེ་སྐུར་ཁྱད་གསོད་བྱེད་པའི་སྔགས་པ་བན་བོན་གཏད་སོ་མདོ་མེད་གནོད་སྦྱིན་སྟག་མྱོས་དང་མཚུངས་པས་འཇིག་རྟེན་ཕལ་པ་སླུ་བར་བྱེད་པ་རྣམས་དང་། ལྷག་པར་འཇམ་མགོན་བླ་མའི་ལུགས་འཛིན་ལ་དད་ཅིང་གུས་པས་མཆོད་པའི་མཆོག་དམན་ཐམས་ཅད་ལ་གནོད་ཅིང་ཞེ་ནས་སྡང་བའི་མི་དང་མི་མིན་འབྱུང་པོའི་ཚོགས་ལ་དྲག་པོའི་ཆད་པ་ཐོག་ལྟར་འབེབས་པའི་ལས་མཁན་མི་སྡུག་པའི་གཟུགས་ཅན་རྒྱ་ཧོར་བལ་བོད་ཁ་ཆེ་ཨ་ཙ་ར་སོགས་ཀྱི་ཆ་བྱད་རྣམ་འགྱུར་མ་ངེས་པ། ལ་ལ་དགའ་བའི་ཉམས་དང་། འགའ་ཞིག་གཏུམ་པའི་ཚུལ་གྱིས་ལག་ན་མཚོན་ཆ་སྣ་ཚོགས་པ་ཐོགས་པའི་སྟག་ཤར་བཅུ་བཅས། གཞན་ཡང་པེ་ཧར། གཟའ་བདུད། ཙི་དམར་སོགས་རྒྱལ་བཙན། མ་མོ། གཤིན་རྗེ། ལྷ་ཀླུ། གནོད་སྦྱིན། ནོར་བདག ཤ་ཟ་སྲིན་པོ། དྲི་ཟ་གྲུལ་བུམ། བདུད། ཐེའུ་རང་། འབྱུང་པོ། དྲེགས་པ་སྡེ་བརྒྱད༑ རུ་འདྲེན་སྡེ་བཞི་སོགས་འཇིགས་ཤིང་རྔམ་པའི་ཉི་ཟེར་གྱི་རྡུལ་ལྟར་འཕྱོ་བ། འཁོར་ཚོགས་དེ་དག་གི་སྟེང་གི་ཆར་འཇའ་སྤྲིན་འཁྲིགས་པའི་ཀློང་ན་དགའ་ལྡན་གྱི་ཞིང་དུ་འཇམ་མགོན་གཙོ་འཁོར་སོགས་ཀྱི་བཀོད་པ་གསལ་བ་ལྷའི་བུ་དང་བུ་མོ་མང་པོས་མེ་ཏོག་གི་ཆར་དང་རོལ་མོའི་སྒྲ་སྒྲོག་པ། ཕོ་བྲང་གི་རྩེ་ཐོག་ཏུ་སངས་རྒྱས་སྣང་བ་མཐའ་ཡས། བར་ཐོག་ཏུ་ལྷ་ཆེན་ཚངས་པ་དྲག་པོ་འཁོར་དང་བཅས་པ་བཞུགས་ཤིང་། བར་སྣང་ས་གཞི་ཐམས་ཅད་གང་འདོད་ཀྱི་རྫས་དང་ཡོ་བྱད། ཏིང་འཛིན་གྱི་མཐུ་ལས་བསྐྱེད་པའི་ཞི་དྲག་གི་སྤྱན་གཟིགས་ཅིང་ཡང་འཆར་བར་གྱུར། གཙོ་བོའི་ཐུགས་ཀ་དང་རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས༑ དགའ་ལྡན། མཁའ་སྤྱོད། རི་བོ་རྩེ་ལྔ། ཤམྦྷ་ལ་སོགས་གར་བཞུགས་རྡོ་རྗེའི་ཕོ་བྲང་ནས་ཏིང་ངེ་འཛིན་གྱི་སྤྲུལ་པའི་གནས་ཡུལ་ཆེན་པོ་འདིར་སྤྲུལ་པའི་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་རིགས་ལྔ་འཁོར་དང་བཅས་པ་སྐད་ཅིག་གིས་བཛྲ་ས་མཱ་ཡ་ཛཿཛཿ སྤོས་སྦྱོར་སྲེག་ཅིང་རོལ་མོ་དབྱངས་དང་བཅས་སྤྱན་འདྲེན་པ་ནི། ཧཱུྃ༑ རབ་ཞི་ཆོས་སྐུས་དབྱིངས་ལས་མ་གཡོས་ཀྱང་༑ །སྣ་ཚོགས་སྤྲུལ་པའི་རོལ་གར་མཐའ་ཡས་པས། །མཉམ་མེད་ཐུབ་བསྟན་རིན་ཆེན་སྲུང་མཛད་པའི། །སྤྲུལ་བསྒྱུར་ཅིར་ཡང་སྟོན་པའི་སྐུར་བཞེངས་ཤིག །འཇམ་དཔལ་རྡོ་རྗེའི་ཐུགས་ཀྱི་རང་གཟུགས་དངོས། །འདུལ་འཛིན་ཆོས་ཀྱི་རྒྱལ་པོའི་སྐུར་བཞེངས་ནས། །འཇམ་མགོན་རིང་ལུགས་སྙིང་པོ་བསྲུང་བའི་ཕྱིར། །གྲངས་མེད་སྤྲུལ་འཁོར་དང་བཅས་གཤེགས་སུ་གསོལ། །འཇམ་དཔལ་རྡོ་རྗེའི་སྐུ་ཡི་རང་གཟུགས་དངོས། །ཞི་མཛད་སྒྲིབ་པ་ཀུན་སེལ་སྐུར་བཞེངས་ནས། །ནད་གདོན་རྐྱེན་ངན་བར་གཅོད་སེལ་བའི་ཕྱིར༑ །ཞི་མཛད་བྱེ་བའི་འཁོར་བཅས་གཤེགས་སུ་གསོལ། །འཇམ་དཔལ་རྡོ་རྗེའི་ཡོན་ཏན་རང་གཟུགས་དངོས། །རྒྱས་བྱེད་ཁམས་གསུམ་དཔལ་འབར་སྐུར་བཞེངས་ནས། །ཚེ་བསོད་དཔལ་འབྱོར་ཡར་ཟླར་སྤེལ་བའི་སླད། །རྒྱས་མཛད་བྱེ་བའི་འཁོར་བཅས་གཤེགས་སུ་གསོལ། །འཇམ་དཔལ་རྡོ་རྗེའི་གསུང་གི་རང་གཟུགས་དངོས། །དབང་སྡུད་སྣོད་བཅུད་ཟིལ་གནོན་སྐུར་བཞེངས་ནས། །སྲིད་གསུམ་བརྟན་གཡོ་དབང་དུ་འགུགས་པའི་ཕྱིར། །དབང་མཛད་བྱེ་བའི་འཁོར་བཅས་གཤེགས་སུ་གསོལ། །འཇམ་དཔལ་རྡོ་རྗེའི་འཕྲིན་ལས་རང་གཟུགས་དངོས། །གཏུམ་དྲག་རྡོ་རྗེ་ཤུགས་ལྡན་སྐུར་བཞེངས་ནས། །བློ་བཟང་བསྟན་དགྲ་ཕྱེ་མར་འཐག་པའི་ཕྱིར། །དྲག་མཛད་བྱེ་བའི་འཁོར་བཅས་གཤེགས་སུ་གསོལ། །མཛེས་སྡུག་ཡུམ་དགུ་སྣ་འདྲེན་དགེ་སློང་བརྒྱད། །ལས་མཁན་གཏུམ་པའི་སྟག་ཤར་བཅུ་ལ་སོགས། །གཞན་ཡང་འཇིག་རྟེན་འདས་དང་དྲེགས་པའི་འཁོར། །མཐའ་ཀླས་བཀོད་པའི་ཚོགས་བཅས་གཤེགས་སུ་གསོལ། །བློ་བཟང་བསྟན་ལ་ཞུགས་པའི་བུ་བརྒྱུད་ལ། བརྩེ་ཞིང་དུང་བའི་གཡར་དམ་མི་གཡེལ་བར༑ །དགའ་ལྡན་ཞིང་ནས་ཡབ་རྗེ་ཙོང་ཁ་པའི། །སེང་ཁྲིའི་གསེབ་ནས་ད་ལྟ་གནས་འདིར་གཤེགས། །ཉེར་བཞིའི་ཡུལ་དང་སུམ་ཅུ་རྩ་གཉིས་གནས། །ཨོ་ཌཱི་ཡཱ་ན་བྱང་ཕྱོགས་ཤམྦྷ་ལ། །རི་བོ་རྩེ་ལྔ་དཔལ་ལྡན་འབྲས་སྤུངས་དང་། །ས་སྐྱའི་རྨུག་ཆུང་གནས་ནས་གཤེགས་སུ་གསོལ། །དོལ་གྱི་ཆུ་མིག་རྡོ་ཕུད་ཆོས་འཁོར་དང་། །རྣམ་རབ་ཚོང་འདུས་རི་ཆོས་རྨོར་ངོར་དགོན། །དགའ་རྣམ་འོན་རོང་ལྷ་ལྡན་སྤྲོ་ཁང་སོགས། །གར་བཞུགས་གནས་ནས་ཐོགས་མེད་གཤེགས་སུ་གསོལ། །ཨོཾ་དྷརྨཱ་པཱ་ལ་མཧཱ་རཱ་ཛ་བཛྲ་བེ་ག་ཝན་རུ་དྲཿཔཉྩ་ཀཱུ་ལ་ས་པ་རི་ཝཱ་ར་ཨ་ཀརྵ་ཡ་ཛཿཛཿ ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཞེས་སྤྱན་དྲངས་ཏེ་དམ་ཚིག་པ་དང་དབྱེར་མེད་དུ་གྱུར་པར་བསམ། དེ་ནས་མཆོད་ཅིང་ཡན་ལག་བདུན་པ་བྱ་བ་ནི། ཧཱུྃ། ཀུན་བཟང་བདེ་སྟོང་ཏིང་འཛིན་རོལ་པ་ལས། བྱུང་བའི་མཆོད་ཡོན་ནམ་མཁའི་ཁྱོན་གང་བ། །བསྟན་སྲུང་དབང་པོ་འཁོར་དང་བཅས་ལ་འབུལ༑ །བཞེས་ནས་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཨོཾ་དྷརྨཱ་པཱ་ལ་མཧཱ་རཱ་ཛཱ་བཛྲ་བེ་ག་ཝན་རུ་དྲཿཔཉྩ་ཀཱུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཀུན་བཟང་བདེ་སྟོང་ཏིང་འཛིན་རོལ་པ་ལས། །བྱུང་བའི་ཞབས་བསིལ་ནམ་མཁའི་ཁྱོན་གང་བ། །བསྟན་སྲུང་དབང་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཨོཾ་དྷརྨཱ་པཱ་ལ་མཧཱ་རཱ་ཛཱ་བཛྲ་བེ་ག་ཝན་རུ་དྲཿཔཉྩ་ཀཱུ་ལ་ས་པ་རི་ཝཱ་ར་པཱདྱཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཀུན་བཟང་བདེ་སྟོང་ཏིང་འཛིན་རོལ་པ་ལས། །བྱུང་བའི་མེ་ཏོག་ནམ་མཁའི་ཁྱོན་གང་བ༑ །བསྟན་སྲུང་དབང་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཨོཾ་དྷརྨཱ་པཱ་ལ་མཧཱ་རཱ་ཛཱ་བཛྲ་བེ་ག་ཝན་རུ་དྲཿཔཉྩ་ཀཱུ་ལ་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཀུན་བཟང་བདེ་སྟོང་ཏིང་འཛིན་རོལ་པ་ལས། །བྱུང་བའི་བདུག་སྤོས་ནམ་མཁའི་ཁྱོན་གང་བ། །བསྟན་སྲུང་དབང་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཨོཾ་དྷརྨཱ་པཱ་ལ་མཧཱ་རཱ་ཛཱ་བཛྲ་བེ་ག་ཝན་རུ་དྲཿཔཉྩ་ཀཱུ་ལ་ས་པ་རི་ཝཱ་ར་དྷཱུ་པེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཀུན་བཟང་བདེ་སྟོང་ཏིང་འཛིན་རོལ་པ་ལས། །བྱུང་བའི་སྣང་གསལ་ནམ་མཁའི་ཁྱོན་གང་བ། །བསྟན་སྲུང་དབང་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཨོཾ་དྷརྨཱ་པཱ་ལ་མཧཱ་རཱ་ཛཱ་བཛྲ་བེ་ག་ཝན་རུ་དྲཿཔཉྩ་ཀཱུ་ལ་ས་པ་རི་ཝཱ་ར་ཨཱ་ལོ་ཀེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཀུན་བཟང་བདེ་སྟོང་ཏིང་འཛིན་རོལ་པ་ལས། །བྱུང་བའི་དྲི་ཆབ་ནམ་མཁའི་ཁྱོན་གང་བ། །བསྟན་སྲུང་དབང་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཨོཾ་དྷརྨཱ་པཱ་ལ་མཧཱ་རཱ་ཛཱ་བཛྲ་བེ་ག་ཝན་རུ་དྲཿཔཉྩ་ཀཱུ་ལ་ས་པ་རི་ཝཱ་ར་གནྡྷེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཀུན་བཟང་བདེ་སྟོང་ཏིང་འཛིན་རོལ་པ་ལས། །བྱུང་བའི་ཞལ་ཟས་ནམ་མཁའི་ཁྱོན་གང་བ། །བསྟན་སྲུང་དབང་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཨོཾ་དྷརྨཱ་པཱ་ལ་མཧཱ་རཱ་ཛཱ་བཛྲ་བེ་ག་ཝན་རུ་དྲཿཔཉྩ་ཀཱུ་ལ་ས་པ་རི་ཝཱ་ར་ནཻཝིདྱ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཀུན་བཟང་བདེ་སྟོང་ཏིང་འཛིན་རོལ་པ་ལས། །བྱུང་བའི་སིལ་སྙན་ནམ་མཁའི་ཁྱོན་གང་བ། །བསྟན་སྲུང་དབང་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་དངོས་གྲུབ་མ་ལུས་སྩལ་དུ་གསོལ༑ །ཨོཾ་དྷརྨཱ་པཱ་ལ་མཧཱ་རཱ་ཛཱ་བཛྲ་བེ་ག་ཝན་རུ་དྲཿཔཉྩ་ཀཱུ་ལ་ས་པ་རི་ཝཱ་ར་ཤཔྟ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཞེས་ཉེར་སྤྱོད་དང་།  ཀུན་བཟང་བདེ་སྟོང་ཏིང་འཛིན་རོལ་པ་ལས། བྱུང་བའི་གཟུགས་མཆོག་ནམ་མཁའི་ཁྱོན་གང་བ། །བསྟན་སྲུང་དབང་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཨོཾ་དྷརྨཱ་པཱ་ལ་མཧཱ་རཱ་ཛཱ་བཛྲ་བེ་ག་ཝན་རུ་དྲཿཔཉྩ་ཀཱུ་ལ་ས་པ་རི་ཝཱ་རཱུ་པ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཀུན་བཟང་བདེ་སྟོང་ཏིང་འཛིན་རོལ་པ་ལས། །བྱུང་བའི་སྒྲ་སྙན་ནམ་མཁའི་ཁྱོན་གང་བ། །བསྟན་སྲུང་དབང་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཨོཾ་དྷརྨཱ་པཱ་ལ་མཧཱ་རཱ་ཛཱ་བཛྲ་བེ་ག་ཝན་རུ་དྲཿཔཉྩ་ཀཱུ་ལ་ས་པ་རི་ཝཱ་ར་ཤཔྟ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཀུན་བཟང་བདེ་སྟོང་ཏིང་འཛིན་རོལ་པ་ལས། །བྱུང་བའི་དྲི་མཆོག་ནམ་མཁའི་ཁྱོན་གང་བ། །བསྟན་སྲུང་དབང་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཨོཾ་དྷརྨཱ་པཱ་ལ་མཧཱ་རཱ་ཛཱ་བཛྲ་བེ་ག་ཝན་རུ་དྲཿཔཉྩ་ཀཱུ་ལ་ས་པ་རི་ཝཱ་ར་གནྡྷེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཀུན་བཟང་བདེ་སྟོང་ཏིང་འཛིན་རོལ་པ་ལས། །བྱུང་བའི་རོ་མཆོག་ནམ་མཁའི་ཁྱོན་གང་བ། །བསྟན་སྲུང་དབང་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཨོཾ་དྷརྨཱ་པཱ་ལ་མཧཱ་རཱ་ཛཱ་བཛྲ་བེ་ག་ཝན་རུ་དྲཿཔཉྩ་ཀཱུ་ལ་ས་པ་རི་ཝཱ་ར་ར་ས་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཀུན་བཟང་བདེ་སྟོང་ཏིང་འཛིན་རོལ་པ་ལས། །བྱུང་བའི་རེག་བྱ་ནམ་མཁའི་ཁྱོན་གང་བ། །བསྟན་སྲུང་དབང་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཨོཾ་དྷརྨཱ་པཱ་ལ་མཧཱ་རཱ་ཛཱ་བཛྲ་བེ་ག་ཝན་རུ་དྲཿཔཉྩ་ཀཱུ་ལ་ས་པ་རི་ཝཱ་ར་སྤརྴ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༑ ཞེས་འདོད་ཡོན་ལྔ་དང་། ཀུན་བཟང་བདེ་སྟོང་ཏིང་འཛིན་རོལ་པ་ལས། །བྱུང་བའི་མི་དབང་ལ་འོས་རྒྱལ་སྲིད་བདུན། །ནམ་མཁའི་ཁྱོན་ཀུན་བཀང་སྟེ་འབུལ་ལགས་ན། །ཁམས་གསུམ་དབང་དུ་འདུ་བའི་འཕྲིན་ལས་མཛོད། །ཨོཾ་དྷརྨཱ་པཱ་ལ་མཧཱ་རཱ་ཛ་བཛྲ་བེ་ག་ཝན་རུ་དྲཿཔཉྩ་ཀཱུ་ལ་ས་པ་རི་ཝཱ་ར་མཧཱ་སཔྟ་རཏྣ་པྲ་ཏཱི་ཙྪ་ཡེ་སྭཱཧཱ། ཀུན་བཟང་བདེ་སྟོང་ཏིང་འཛིན་རོལ་པ་ལས། །བྱུང་བའི་རྒྱལ་བས་བྱིན་བརླབས་བཀྲ་ཤིས་རྫས། །ནམ་མཁའི་ཁྱོན་ཀུན་བཀང་སྟེ་འབུལ་ལགས་ན། །བཀྲ་ཤིས་དགེ་མཚན་ཕྱོགས་བཅུར་རྒྱས་པར་མཛོད། །ཨོཾ་དྷརྨཱ་པཱ་ལ་མཧཱ་རཱ་ཛ་བཛྲ་བེ་ག་ཝན་རུ་དྲཿཔཉྩ་ཀཱུ་ལ་ས་པ་རི་ཝཱ་ར་ཨཥྚ་པ་དྲ་བེ་མངྒ་ལ་པྲ་ཏཱིཙྪ་ཡེ་སྭཱཧཱ། ཀུན་བཟང་བདེ་སྟོང་ཏིང་འཛིན་རོལ་པ་ལས། །བྱུང་བའི་གཡུལ་ལས་རྒྱལ་བའི་བཀྲ་ཤིས་རྟགས། །ནམ་མཁའི་ཁྱོན་ཀུན་བཀང་སྟེ་འབུལ་ལགས་ན། །མི་མཐུན་བདུད་ལས་རྒྱལ་བའི་འཕྲིན་ལས་མཛོད། །ཨོཾ་དྷརྨཱ་པཱ་ལ་མཧཱ་རཱ་ཛ་བཛྲ་བེ་ག་ཝན་རུ་དྲཿཔཉྩ་ཀཱུ་ལ་ས་པ་རི་ཝཱ་ར་ཨཥྚ་མངྒ་ལ་པྲ་ཏིཙྪ་ཡེ་སྭཱཧཱ། བདེ་ཆེན་བནྡྷ་ཡངས་པའི་སྣོད་ནང་དུ། །སྦྱངས་རྟོགས་སྤར་བའི་བདུད་རྩིའི་རྒྱ་མཚོ་ནི། །བདེ་སྟོང་མཆོག་ལ་རོལ་ཕྱིར་འབུལ་ལགས་ན༑ །ཟག་མེད་བདེ་བའི་ལོངས་སྤྱོད་རྒྱས་པར་མཛོད། །ཨོཾ་དྷརྨཱ་པཱ་ལ་མཧཱ་རཱ་ཛ་བཛྲ་བེ་ག་ཝན་རུ་དྲཿཔཉྩ་ཀཱུ་ལ་ས་པ་རི་ཝཱ་ར་མཧཱ་པཉྩ་ཨ་མྲྀ་ཏ་ཁ་ཧི། ཞེས་ནང་མཆོད་འབུལ། གང་ཞིག་དྲན་པ་ཙམ་གྱིས་ཕྱི་ནང་གི །བར་ཆད་ཀུན་སེལ་ལས་བཞིའི་འཕྲིན་ལས་རྣམས། །སྩོལ་མཛད་རྒྱལ་ཆེན་ཤུགས་ལྡན་རིགས་ལྔ་རྩལ། །བསྟན་སྲུང་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །སྐུ་དང་མཆོད་རྟེན་མངོན་སུམ་མངོན་སུམ་མིན། །བྱས་དང་བྱེད་འཇུག་རྙེད་བཀུར་རྒྱ་ཆེན་དང་། །ཉོན་མོངས་ཅན་མིན་སྒྲུབ་པའི་མཆོད་པ་བཅུས། །ཤུགས་ལྡན་རིགས་ལྔ་འཁོར་བཅས་མཆོད་པར་བགྱི། །མདོ་སྔགས་ལམ་སྟོན་བཤེས་གཉེན་མང་བསྟེན་ཀྱང་། །འདུལ་མངོན་ལམ་རིམ་བླ་མ་ལྔ་བཅུ་བར། །ཇི་བཞིན་བཤད་པའི་བསམ་སྦྱོར་མ་དག་པས། །ཉེས་ལྟུང་ཆར་གྱིས་བརླན་པ་མཐོལ་ལོ་བཤགས། །ཚངས་དབང་གནོད་སྦྱིན་བདུད་དང་ཆགས་རྨོངས་ཅན། །བུད་མེད་ཞར་འོན་སྨྱོན་པའི་ཟློས་གར་སོགས། །ཕལ་པས་མི་རྟོགས་གང་འདུལ་མཛད་འཕྲིན་གྱིས། །བསྟན་འགྲོར་བཀའ་དྲིན་ཁྱབ་ལ་རྗེས་ཡི་རང་། །དབང་པོར་འཚམ་པའི་ཆོས་འཁོར་བསྐོར་བར་བསྐུལ༑ །བསྐལ་བརྒྱར་འཕྲིན་ལས་རྒྱུན་ཆད་མེད་པར་བཞུགས། །རང་གཞན་སྐྱེ་འཕགས་ཚོགས་གཉིས་རབ་བསགས་དགེ །འཇམ་མགོན་བསྟན་དགྲ་བདུད་བཞི་འཇོམས་པར་བསྔོ༑ །ཡན་ལག་བདུན་པ་འདི་དྭགས་པོ་སྐལ་བཟང་མཁས་གྲུབ་ཀྱི་གསུང་བཅོས་ལྷད་མེད་པའོ། །དེ་ནས་བཤགས་པ་བྱ་བ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས། དེ་རྣམས་ཀྱི་གནས་གསུམ་ལས་ཡི་གེ་བརྒྱ་པ་དཀར་དམར་མཐིང་གསུམ་གྱི་ཚོགས་དཔག་ཏུ་མེད་པ་བྱུང་། རང་དང་རྒྱལ་ཆེན་རིགས་ལྔ་དྲག་པོ་རྩལ་འཁོར་དང་བཅས་པ་རྣམས་ཀྱི་གནས་གསུམ་དུ་ཐིམ་པས། རང་གཞན་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་དམ་ཚིག་ཉམས་ཆག་ཐམས་ཅད་དང་། དེའི་དབང་གིས་བསྟན་སྲུང་རྒྱལ་ཆེན་རིགས་ལྔ་འཁོར་དང་བཅས་པ་རྣམས་ཀྱི་སྐུ་གསུང་ཐུགས་ལ་ཉམས་གྲིབ་ཕོག་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་པར་བསམས་ལ། ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏེ་ནོ་པ་ཏིཥྛ། དྲི་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲཱི་ཡཾ་ཀུ་རུ་ཧཱུཾ༑ ཧ་ཧ་ཧ་ཧ་ཧོཿབྷ་ག་ཝན། སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲི་བྷ་བ་མཧཱ་ས་མ་ཡ་སཏྭ་ཨཱཿཧཱུཾ་ཕཊ། ཞེས་ཡི་གེ་བརྒྱ་པ་ཉེར་གཅིག་བཟླ། དེ་ནས། ཧཱུཾ༑ འཇམ་དཔལ་ཞི་ཁྲོ་རྗེ་བཙུན་བློ་བཟང་གྲགས། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །ཁྱད་པར་བསྟན་སྲུང་རྡོ་རྗེ་དྲག་པོ་རྩལ། །བརྩེ་བ་ཆེན་པོས་བདག་ལ་དགོངས་སུ་གསོལ། །བདག་ནི་མ་རིག་ཐིབས་པོས་ཡོངས་ནོན་ཅིང་། །དབང་མེད་ཆགས་སྡང་དྲག་པོས་རྒྱུད་དཀྲུགས་པས། །བག་མེད་སྡིག་ལྟུང་ཉེས་ཚོགས་ཅི་བགྱིས་པ། །སྙིང་ནས་བཤགས་སོ་མྱུར་དུ་བྱང་བར་མཛོད། །མཁན་སློབ་དགེ་འདུན་སྤྱན་སྔར་ཁས་བླངས་པའི། །སོ་སོར་ཐར་པའི་བཅས་མཚམས་དྲལ་བ་དང་། །བླ་མ་རྒྱལ་བ་སྲས་བཅས་སྤྱན་སྔ་རུ༑ །དམ་བཅས་བྱང་སེམས་བསླབ་བྱ་ལས་འདས་ཤིང་། །བླ་མ་དཀྱིལ་འཁོར་ལྷ་ཚོགས་དཔང་བཞག་ནས། །ཉེར་མནོས་དམ་ཚིག་གཉན་པོ་འདོར་བ་སོགས། །བཅས་དང་རང་བཞིན་སྡིག་ལྟུང་ཉེས་ཚོགས་ཀུན། །སྙིང་ནས་བཤགས་སོ་མྱུར་དུ་བྱང་བར་མཛོད། །ཁྱད་པར་བློ་བཟང་རྒྱལ་བའི་བསྟན་པ་ལ། །སྡང་དང་ལོག་པའི་བསམ་སྦྱོར་འཆང་བ་དང་༑ །དམ་ཉམས་དམ་སེལ་མཛའ་བོར་བརྟེན་པ་དང་། །ཟབ་མོ་བཤད་སོགས་སྙིང་ནས་མཐོལ་ཞིང་བཤགས། །ཚང་ལ་མ་ནོར་བསྟན་པའི་སྙིང་པོ་དང་། །འཇལ་ཀྱང་ལྟར་སྣང་ཕྱོགས་རེའི་ལུགས་གཞན་གྱི། །བསྲེ་བསླད་བགྱིས་དང་ཡལ་བར་བོར་བ་སོགས། །ཁྱོད་ཀྱི་ཐུགས་དང་ལྷག་པར་འགལ་བ་བཤགས། །ལྷ་ཆེན་ཁྱོད་ཀྱིས་བུ་ལྟར་བསྐྱངས་པ་ལ༑ །རྒྱུན་དང་དུས་ཀྱི་མཆོད་གཏོར་མ་བགྱིས་སོགས། །མདོར་ན་ནོངས་ཤིང་ཉེས་པའི་ཚོགས་རྣམས་ཀུན། །སྙིང་ནས་བཤགས་སོ་བརྩེ་བས་རྗེས་གཟུང་མཛོད། །དེ་ནས་བསྐང་བ་བྱ་བ་ལ། བསྐང་རྫས་བྱིན་རླབས་ནི། ཨོཾ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བསྐང་རྫས་རྣམས་རང་རང་གི་མིག་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་བླ་མ་ཡི་དམ་སྤྲུལ་པའི་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་རིགས་ལྔ་དྲག་པོ་རྩལ་འཁོར་དང་བཅས་པ་མཉེས་པར་བྱེད་པའི་དམ་རྫས་སྤྱན་གཟིགས་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཞིག་བླ་མ་ཡི་དམ་སྤྲུལ་པའི་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་རིགས་ལྔ་དྲག་པོ་རྩལ་འཁོར་དང་བཅས་པ་རྣམས་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ཨོཾ་སརྦ་བིད། པཱུ་ར་པཱུ་ར། སུ་རུ་སུ་ར། ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོཿ བཛྲ་སྥ་ར་ཎ་ཁཾ། ལན་གསུམ། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུཾ། ཨོཾ་བཛྲ་པཱདྱཾཨཱཿཧཱུཾ༑ ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཨོཾ་བཛྲ་དྷུ་པེ་ཨཱཿཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ། ཨོཾ་བཛྲ་ནཻ་ཝིདྱཱཨཱཿཧཱུཾ། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ། ཨོཾ་བཛྲ་རཱུ་པ་ཨཱཿཧཱུཾ༑ ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ། ཨོཾ་བཛྲ་ར་ས་ཨཱཿཧཱུཾ། ཨོཾ་བཛྲ་སྤརྴ་ཨཱཿཧཱུཾ། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷེ་དྷརྨཱཿཏེ་བཛྲ་སིདྡྷི་ཧཱུྃ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་ཧཱུྃ་ཕཊ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱ་དྱ་ནུཏྤན་ན་ཏྭད། ན་མཿསརྦ་ཏ་ཐཱ་ག་ཏ་ཨཱ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཨོཾ་རུ་རུ་ཕུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནཱི་སརྦ་ཨརྠ་དྷ་ནི་སྭཱ་ཧཱ། ཅེས་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབ། བདག་གི་བསམ་པའི་སྟོབས་དང་ནི༑ །དེ་བཞིན་གཤེགས་པའི་བྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱི། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཞེས་བདེན་སྟོབས་བརྗོད། བསྐང་གཏོར། ཨོཾ་ཧྲཱིཿཥྚིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ལྟ་བུ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་ཨཱཿལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨཱཿལས་བྱུང་བའི་ཐོད་པ་དཀར་པོ། དེའི་ནང་གི་ཤར་དུ་བྷྲུཾ་ལས་བྱུང་བའི་བ་ལང་གི་ཤ་གོས་མཚན་པ། ལྷོར་ཨཾ་ལས་བྱུང་བའི་ཁྱིའི་ཤ་ཀུས་མཚན་པ། ནུབ་ཏུ་ཛིཾ་ལས་བྱུང་བའི་གླང་པོ་ཆེའི་ཤ་དས་མཚན་པ། བྱང་དུ་ཁཾ་ལས་བྱུང་རྟའི་ཤ་ཧས་མཚན་པ། དབུས་སུ་ཧཱུྃ་ལས་བྱུང་བའི་མིའི་ཤ་ནས་མཚན་པ། ཤར་ལྷོར་ལཾ་ལས་བྱུང་བའི་དྲི་ཆེན་བིས་མཚན་པ། ལྷོ་ནུབ་ཏུ་མཱཾ་ལས་བྱུང་བའི་རཀྟ་རས་མཚན་པ། ནུབ་བྱང་ཏུ་པཾ་ལས་བྱུང་བའི་བྱང་སེམས་དཀར་པོ་ཤུས་མཚན་པ། བྱང་ཤར་དུ་ཏཱཾ་ལས་བྱུང་བའི་རྐང་མར་མས་མཚན་པ། དབུས་སུ་བཾ་ལས་བྱུང་བའ་ིདྲི་ཆུ་མཱུས་མཚན་པ། དེ་དག་གི་སྟེང་དུ་ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུྃ་སྔོན་པོ་གསུམ་སྟེང་ནས་སྟེང་དུ་བརྩེགས་པར་གྱུར། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། རླུང་ལ་ཕོག་པས་རླུང་གཡོས་མེ་སྦར་ཏེ་ཐོད་པའི་རྫས་རྣམས་ཞུ་ཞིང་ཁོལ་བར་གྱུར། ཡི་གེ་གསུམ་ལས་འོད་ཟེར་རིམ་པ་བཞིན་དུ་འཕྲོས་པས།  སྐུ་རྡོ་རྗེ་གསུང་རྡོ་རྗེ་ཐུགས་རྡོ་རྗེ་རྣམས་བཀུག་ནས་ཡི་གེ་གསུམ་ལ་རིམ་གྱིས་ཐིམ་པ་རྣམས་ཐོད་པར་ལྷུང་ནས་ཞུ་བས།  ཧཱུྃ་གིས་ཁ་དོག་དྲི་ནུས་ཀྱི་སྐྱོན་སྦྱངས། ཨཱཿས་བདུད་རྩིར་རྟོགས་པར་བྱས། ཨོཾ་གྱིས་མང་པོར་སྦར་ཞིང་སྤེལ་བར་གྱུར། ཨོཾ་ཨཱཿཧཱུྃ། ཞེས་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། བསྐང་བ་བྱ་བ་དངོས་ནི། རོལ་མོ་དབྱངས་དང་བཅས། དེ་ཡང་ལོང་ཡོད་ཅིང་བསྐང་བ་ཤིན་ཏུ་རྒྱས་པ་བྱེད་ན་ས་ཆེན་ཀུན་བློའི་གསུང་དྲི་མ་མེད་པ་འདི་ལྟར་བྱའོ། །ཀྱཻ༑ ཆོས་འཁོར་སྐྱོང་བའི་སྲུང་མ་མཐུ་རྩལ་ཅན། །རྒྱལ་ཆེན་རིགས་ལྔ་འཁོར་དང་བཅས་པ་ལ། །ཐུན་མོང་ཕྱི་ཡི་མཆོད་རྫས་ཇི་སྙེད་པ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །རང་བཞིན་རྣམ་དག་སྟོང་པའི་ངང་ཉིད་ལས། །འཇིག་མེད་རླུང་དཀྱིལ་རྡོ་རྗེ་རྒྱ་གྲམ་སྟེང་། །དྭངས་གསལ་ཆུ་དཀྱིལ་རླབས་དང་ལྦུ་འཕྲེང་ངོམ། །སྲ་བརྟན་གསེར་གྱི་ས་གཞི་ཡངས་པའི་གཞིར། །མརྒད་མདངས་ལྡན་རྒྱ་མཚོ་ཆེན་པོའི་དབུས། །རྣམ་མང་རིན་ཆེན་མཆོག་གི་ལྷུན་པོའི་རྩེར། །བདེ་སྐྱིད་དཔལ་འབྱོར་ལྷ་གནས་དུ་མ་དང་། །ཁོང་གསེང་འོད་མི་སྣང་བ་ལྷ་མིན་ཡུལ༑ །འོག་གཞིར་ཀླུ་རྒྱལ་དུ་མའི་བསྟི་གནས་བཅས། །བང་རིམ་རྒྱ་ཆེན་གནོད་སྦྱིན་དུ་མས་གང་། །ལྷུན་པོ་དེ་མཐར་ནམ་ཡང་མུ་མེད་པར། །རིན་ཆེན་འབྲིང་ལས་གསེར་རི་རོལ་མཚོས་བསྐོར། །ཕྱི་རོལ་གླིང་ཆེན་བཞི་དང་གླིང་ཕྲན་བརྒྱད། །རིན་ཆེན་ཐ་མའི་ལྕགས་རི་མུ་ཁྱུད་བཅས། །བར་སྣང་ཉི་ཟླ་གཟའ་སྐར་ལྡིང་ཞིང་འཁོར། །རབ་ཡངས་སྲིད་པ་གསུམ་གྱི་ཞིང་ཁམས་དེར། །སྣུམ་འཇམ་ཉོན་མོངས་མེད་པའི་ས་གཞི་ལ། །རྩ་ལྗང་འབྲུ་རིགས་མེ་ཏོག་དུ་མས་གང་། །མཚོ་དང་རྫིང་སོགས་ཡན་ལག་བརྒྱད་ལྡན་འཁྱིལ༑ །སཱ་ལའི་རྐང་འཐུང་རྒྱས་པའི་ཕང་ཕུང་གཡོ། །རིན་ཆེན་སྤུངས་པའི་དབྱིབས་འདྲ་ལ་སོགས་པའི། །ཁ་བའི་ལྷུན་པོ་གཡའ་བྲག་རྫ་རི་དང་། །སྤང་གཤོངས་ནགས་རི་རིན་ཆེན་ལྷུན་པོའི་ངོས། །ལྷུང་ལྷུང་དལ་གྱིས་འབབ་པ་བདུད་རྩིའི་རྒྱུན། །ཡིད་འོང་བྱ་དང་རི་དྭགས་བག་ཕེབས་རྒྱུ། །གཏུམ་དྲག་གཅན་གཟན་དུ་མ་དཔའ་རྩལ་ངོམ། །ལྷ་མིའི་སྤོང་བ་པ་རྣམས་བསམ་གཏན་བསྒོམ། །ཕྱོགས་རྣམས་ཀུན་ནས་མཛེས་པའི་ཡུལ་གྲུ་དེར། །བདེ་སྐྱིད་ཉམས་དགའ་གྲོང་དང་གྲོང་ཁྱེར་དབུས། །དགའ་བདེས་མྱོས་པའི་སྐྱེ་འགྲོ་དཔལ་འབྱོར་རྒྱས། །དེ་ལྟར་སྲིད་པའི་ལོངས་སྤྱོད་ཕུན་ཚོགས་འདིས། །འདུལ་འཛིན་ཆོས་ཀྱི་རྒྱལ་པོའི་ཐུགས་དམ་བསྐང་། །ཞི་མཛད་སྒྲིབ་པ་ཀུན་སེལ་ཐུགས་དམ་བསྐང་། །རྒྱས་མཛད་སྲིད་གསུམ་དཔལ་འབར་ཐུགས་དམ་བསྐང་། །དབང་སྡུད་སྣོད་བཅུད་ཟིལ་གནོན་ཐུགས་དམ་བསྐང་། །འཇོམས་མཛད་རྡོ་རྗེ་ཤུགས་ལྡན་ཐུགས་དམ་བསྐང་། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱི། །སྤྲུལ་པ་ཡང་སྤྲུལ་འཁོར་བཅས་ཐུགས་དམ་བསྐང་། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི༑ །མི་འདོད་ཉེར་འཚེ་མཐའ་དག་ཞི་བ་དང་། །སྲིད་ཞིའི་དཔལ་འབྱོར་རྒྱས་པའི་འཕྲིན་ལས་མཛོད། །ཀྱཻ༑ ཡན་ལག་བརྒྱད་ལྡན་མཆོད་ཡོན་ཞབས་བསིལ་འཁྱིལ། །ཆུ་སྐྱེས་ཐང་སྐྱེས་མེ་ཏོག་སྣ་ཚོགས་སྤུངས། །ཡིད་འོང་སྤོས་ཀྱི་ནགས་ཀླུང་དྲི་བསུང་འཕྲོ། །ཕྱི་ནང་མུན་སེལ་སྣང་གསལ་གཟི་འོད་འབར། །རེག་ན་ཚིམ་བྱེད་བྱུག་པ་བཟང་པོའི་ཚོགས༑ །རོ་བརྒྱ་ལྡན་པའི་བཟའ་བཏུང་རྒྱ་མཚོ་ཙམ། །སྙན་པའི་ང་རོས་འཁོར་འདས་དབང་དུ་སྡུད། །ཆོས་ཀྱི་འཁོར་ལོ་རྩིབས་སྟོང་རྣམ་པར་བཀྲ། །བཀྲ་ཤིས་དཔལ་བེའུ་ཀུན་མཁྱེན་ཡེ་ཤེས་སྟེར། །འདོད་དགུ་ཡོངས་འཁྱིལ་བུམ་པ་བཟང་པོ་བཤམས། །ཉེས་པའི་སྐྱོན་བྲལ་པདྨ་ལོ་འདབ་རྒྱས། །སྲིད་མཚོ་ལས་བརྒལ་རིན་ཆེན་གསེར་གྱི་ཉ། །ཉོན་མོངས་ཚ་གདུང་སྐྱོབ་པའི་གདུགས་བཟང་མཆོག །སྲིད་ཞིའི་ཕན་བདེ་མི་ནུབ་རྒྱལ་མཚན་བསྒྲེང་། །སྒྲིབ་པ་ཀུན་སེལ་དྭངས་གསལ་མེ་ལོང་དང་། །གྷི་ཧཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །རྩི་བཅུད་ཀུན་གྱི་ཡང་སྙིང་མངར་བའི་ཞོ། །ཚེ་འཕེལ་དུར་བ་ལོ་འདབ་ལང་ཚོ་ངོམ། །འབྲས་བཟང་བིལ་བ་འདོད་པའི་དོན་ཀུན་སྒྲུབ། །རིན་ཆེན་དུང་དཀར་སྙན་པའི་གྲགས་པ་སྒྲོག །སྣོད་བཅུད་དབང་སྡུད་ཡིད་འོང་སིནྡྷུ་ར། །ཡུངས་ཀར་རྒྱལ་པོ་བགེགས་དང་ལོག་འདྲེན་འཇོམས། །ཀུན་ལ་དབང་བསྒྱུར་འཁོར་ལོ་རིན་པོ་ཆེ། །འདོད་དགུའི་རེ་སྐོང་ནོར་བུ་རིན་པོ་ཆེ། །བདེ་བའི་དཔལ་སྐྱེད་བཙུན་མོ་རིན་པོ་ཆེ། །མཁས་གསལ་ཡིད་གཞུང་བློན་པོ་རིན་པོ་ཆེ། །ཡན་ལག་བདུན་ལྡན་གླང་པོ་རིན་པོ་ཆེ། །ཅང་ཤེས་སྤྲིན་ཤུགས་རྟ་མཆོག་རིན་པོ་ཆེ། །ཕལ་རྒོལ་ཚར་གཅོད་དམག་དཔོན་རིན་པོ་ཆེ། །མིག་དང་ཡིད་དབང་འཕྲོག་པ་མཛེས་པའི་གཟུགས། །ཕྱོགས་རྣམས་ཀུན་ཏུ་སྙན་པའི་ཡིད་འོང་སྒྲ༑ །ནམ་ཡང་ངོམས་མེད་བསྣམ་བྱ་བཟང་པོའི་དྲི། །ལུས་སྲོག་འཚོ་བའི་དཔལ་སྟེར་རོ་བརྒྱའི་ཟས། །སྡུག་བསྔལ་ཟིལ་གནོན་འཇམ་མཉེན་རེག་བྱའི་ཚོགས། །ལྷུན་སྡུག་རིན་ཆེན་རི་བོ་འོད་ཆགས་འབར། །ཕུན་ཚོགས་ལོ་འདབ་རྒྱས་པའི་དཔག་བསམ་ཤིང་། །བསམ་ཀུན་འབད་མེད་སྩོལ་བའི་འདོད་འཇོའི་བ། །དུས་གསུམ་ཟད་མི་ཤེས་པ་མ་རྨོས་ལོ། །འདོད་དགུ་སྟེར་བའི་རིན་ཆེན་བུམ་པ་བཟང་། །གཞན་ཡང་སྲིད་གསུམ་ལོངས་སྤྱོད་བཟང་པོའི་ཚོགས། །གཅིག་ཏུ་སྤུངས་པའི་དགའ་སྟོན་གྲངས་མེད་འདིས། །འདུལ་འཛིན་ཆོས་ཀྱི་རྒྱལ་པོའི་ཐུགས་དམ་བསྐང་། །ཞི་མཛད་སྒྲིབ་པ་ཀུན་སེལ་ཐུགས་དམ་བསྐང་། །རྒྱས་མཛད་སྲིད་གསུམ་དཔལ་འབར་ཐུགས་དམ་བསྐང་། །དབང་སྡུད་སྣོད་བཅུད་ཟིལ་གནོན་ཐུགས་དམ་བསྐང་། །འཇོམས་མཛད་རྡོ་རྗེ་ཤུགས་ལྡན་ཐུགས་དམ་བསྐང་། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱི། །སྤྲུལ་པ་ཡང་སྤྲུལ་འཁོར་བཅས་ཐུགས་དམ་བསྐང་། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །མི་འདོད་ཉེར་འཚེ་མཐའ་དག་ཞི་བ་དང་། །སྲིད་ཞིའི་དཔལ་འབྱོར་རྒྱས་པའི་འཕྲིན་ལས་མཛོད།  །ཀྱཻ༑ དམ་ཅན་རྒྱལ་ཆེན་རིགས་ལྔ་འཁོར་བཅས་ལ། །ཐུན་མོང་མ་ཡིན་ནང་གི་མཆོད་རྫས་ཚོགས། །དངོས་འབྱོར་ཡིད་སྤྲུལ་ནམ་མཁའི་མཐའ་ཀླས་པར། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །དམ་ཉམས་སྙིང་ཁྲག་རྒྱ་མཚོ་འཁྱིལ་བའི་དབུས། །མི་སྡུག་མཚོན་ཆ་གཟིངས་འདྲའི་བྲག་རི་ལ། །རྣོ་མྱུར་དུག་ཤིང་ལོ་འབྲས་ཕྱོགས་བཅུར་རྒྱས། །གཏུམ་པའི་གཅན་གཟན་དུ་མ་ངར་སྐད་སྒྲོག །ཕུང་བྱེད་ཐན་བྱ་མང་པོ་ལྡིང་ཞིང་འཐབ། །དུས་མཐའི་རླུང་དམར་འུར་སྒྲས་སྟོང་གསུམ་གཡོ། །མཁའ་ལ་འཇིགས་པའི་སྤྲིན་ནག་འབྲུག་སྒྲ་སྒྲོག །མི་སྡུག་རི་བོ་དེ་ཡི་ངོས་ཡངས་ལ། །དྲག་པོའི་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་། །འཇིགས་པའི་མཚན་ཉིད་ཡོངས་རྫོགས་ཕོ་བྲང་ཆེར། །དཀར་གསལ་མདངས་ལྡན་ཐོད་པའི་སྣོད་ཡངས་སུ། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས་པ་དང་། །ཤ་དང་བདུད་རྩི་ཡེ་ཤེས་རྣམ་ལྔའི་ཚོགས། །ཀུན་གྱི་བཅུད་བསྡུས་འདོད་དགུའི་གཏོར་མ་ཆེ། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པ༑ །སྨན་རག་བཟའ་བཏུང་སྣ་ཚོགས་འཁོར་བཅས་འདིས། །འདུལ་འཛིན་ཆོས་ཀྱི་རྒྱལ་པོའི་ཐུགས་དམ་བསྐང་། །ཞི་མཛད་སྒྲིབ་པ་ཀུན་སེལ་ཐུགས་དམ་བསྐང་། །རྒྱས་མཛད་སྲིད་གསུམ་དཔལ་འབར་ཐུགས་དམ་བསྐང་། །དབང་སྡུད་སྣོད་བཅུད་ཟིལ་གནོན་ཐུགས་དམ་བསྐང་། །འཇོམས་མཛད་རྡོ་རྗེ་ཤུགས་ལྡན་ཐུགས་དམ་བསྐང་། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱི། །སྤྲུལ་པ་ཡང་སྤྲུལ་འཁོར་བཅས་ཐུགས་དམ་བསྐང་། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །མི་འདོད་ཉེར་འཚེ་མཐའ་དག་ཞི་བ་དང་། །སྲིད་ཞིའི་དཔལ་འབྱོར་རྒྱས་པའི་འཕྲིན་ལས་མཛོད།  །ཀྱཻ༑ གདུག་ཅན་བསྒྲལ་བའི་ཁྲག་གི་རྒྱ་མཚོ་འཁྱིལ། །དམ་ཉམས་དབང་ལྔའི་མེ་ཏོག་རི་ལྟར་བརྩེགས། །ཚིལ་ཆེན་རུས་རྐང་ཀླད་པས་གསུར་ཆེན་འཐུལ། །ཞུན་ཆེན་སྣ་ཚོགས་ཞུ་བའི་སྒྲོན་མེ་སྦར། །ཁྲག་ཞག་སྣ་ཚོགས་བསྡུས་པའི་དྲི་ཆབ་དང་། །སྲིན་པོ་ལ་འོས་ཁ་ཟས་རི་ལྟར་སྤུངས། །དམ་ཅན་རྒྱ་མཚོ་དགྱེས་པའི་སྒྲ་དབྱངས་སྒྲོག །གཡང་གཞི་བླ་བྲེ་ནང་ཁྲོལ་ཕུན་ཚར་ཅན། །གཅན་གཟན་ཤུན་པས་ཕྱོགས་ཀུན་ཡོལ་བར་བྲེས། །ཤ་ཁྲག་རྐང་རུས་འཐོར་བས་ས་གཞི་གང་། །བདུད་དཔུང་ཟིལ་གནོན་རུ་མཚོན་གཟི་འོད་འབར། །རིན་ཆེན་དར་གོས་མང་པོའི་ཕང་ཕུང་གཡོ། །དཔའ་བོ་གཡུལ་ལས་རྒྱལ་བའི་ཡ་ལད་ཚོགས། །འཕྲིན་ལས་སྒྲུབ་པའི་ཕྱག་མཚན་སྤྲིན་ལྟར་འཐིབས། །ཕོ་ཉ་ལས་བྱེད་མང་པོས་ས་གཞི་གང་། །རྡོ་རྗེ་འཛིན་པས་བསྔགས་པའི་མཐུན་རྫས་འདིས། །འདུལ་འཛིན་ཆོས་ཀྱི་རྒྱལ་པོའི་ཐུགས་དམ་བསྐང་། །ཞི་མཛད་སྒྲིབ་པ་ཀུན་སེལ་ཐུགས་དམ་བསྐང་། །རྒྱས་མཛད་སྲིད་གསུམ་དཔལ་འབར་ཐུགས་དམ་བསྐང་། །དབང་སྡུད་སྣོད་བཅུད་ཟིལ་གནོན་ཐུགས་དམ་བསྐང་། །འཇོམས་མཛད་རྡོ་རྗེ་ཤུགས་ལྡན་ཐུགས་དམ་བསྐང་། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱི། །སྤྲུལ་པ་ཡང་སྤྲུལ་འཁོར་བཅས་ཐུགས་དམ་བསྐང་། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །མི་འདོད་ཉེར་འཚེ་མཐའ་དག་ཞི་བ་དང་། །སྲིད་ཞིའི་དཔལ་འབྱོར་རྒྱས་པའི་འཕྲིན་ལས་མཛོད།  །ཀྱཻ༑ ཡེ་ཤེས་ལྷ་མཆོག་རྒྱལ་ཆེན་རིགས་ལྔ་ལ། །ཁྱད་པར་རྨད་དུ་བྱུང་བའི་གསང་བའི་རྫས། །དངོས་འབྱོར་ཡིད་སྤྲུལ་ནམ་མཁའི་མཐའ་ཀླས་པར། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །གཡུལ་བསད་རོ་རས་ན་ཆུང་འདོམས་དཀྲིས་སོགས། །མཁའ་འགྲོ་ངང་གིས་འདུ་བའི་རས་གཞི་ལ། །སྐྱབས་གནས་དམ་པ་རྣམས་ཀྱི་བྱིན་རླབས་དང་༑ །བྱང་སེམས་དཀར་དམར་རཏྣ་དྲི་བཟང་སོགས། །ཡིད་འོང་མདོག་བཟང་ཚོན་ལ་སྦྱར་བ་ཡིས། །ཁྱོད་སྐུ་མཚན་ཉིད་ཡོངས་རྫོགས་བྲིས་པ་འདིས། །རྒྱལ་ཆེན་རིགས་ལྔའི་སྐུ་ཡི་ཉམས་ཆགས་བསྐང་། །རྩ་བརྒྱུད་བླ་མར་གསོལ་འདེབས་རྒྱུན་མི་ཆད། །ཡི་དམ་ལྷ་ཡི་བསྙེན་སྒྲུབ་ཚད་དུ་འཁྱོལ། །དམ་ཅན་རྒྱ་མཚོའི་དྲག་སྔགས་འབྲུག་སྒྲ་སྒྲོག །རྒྱལ་ཆེན་རིགས་ལྔ་འཁོར་དང་བཅས་པ་ཡི། །མངོན་རྟོགས་བསྐངས་བཤགས་བསྟོད་བསྐུལ་གྱེར་པའི་དབྱངས། །ཆགས་ལྡན་ཡིད་དབང་འགུགས་པའི་ལྕགས་ཀྱུ་དང་། །དམ་ཅན་གཟི་བརྗིད་བསྐྱེད་པའི་ང་རོ་སོགས། །ངག་གི་སྡིག་སྒྲིབ་སྦྱོང་བྱེད་ལས་བཟང་འདིས། །རྒྱལ་ཆེན་རིགས་ལྔའི་གསུང་གི་ཉམས་ཆགས་བསྐང་༑ །དཔའ་བོ་གཡུལ་བསད་ཙིཏྟ་རྩ་ལག་བཅས། །སྤོས་འབྲུ་སྨན་དང་རཏྣས་གང་བའི་ཁྲོད། །ཤིན་ཤུན་གོས་དར་ཤོག་བུ་ལ་སོགས་པར། །རིན་ཆེན་གསེར་དངུལ་མཚལ་སྣག་ལས་གྲུབ་པའི། །འཁྲུལ་མེད་སྲོག་འཁོར་གསང་སྔགས་འདོད་གསོལ་བཅས། །ཚོན་སྐུད་སྣ་ལྔ་དར་དམར་ན་བཟའ་གསོལ། །ལྷ་རྫས་དམར་པོའི་འོད་ཆགས་འབར་བ་ལ༑ །ཁྱིམ་བྱ་དཀར་པོའི་གཙུག་ཁྲག་ལས་གྲུབ་པའི། །རྒྱལ་ཆེན་སྤྲིན་བཞིན་འདུ་བའི་སྲོག་སྔགས་བཀོད། །དྭངས་གསལ་གཟི་འོད་འབར་བ་ཤེལ་གྱི་རིགས། །དར་དམར་ཐུམ་དང་བྱི་ལའི་སྙིང་ཤུབས་ཅན། །སྔོ་དམར་སྐུད་བཅིངས་གསང་རྟེན་མཆོག་འདི་དང་། །སྨྱུག་རྒོད་ཚིགས་གསུམ་འདབ་བཟང་སྒྲོ་ཡིས་བརྒྱན། །དར་དམར་འཕྱང་ཞིང་ལྕགས་མདེའུ་གྲུ་གསུམ་བཅས། །གསེར་གཡུ་མེ་ལོང་སྣ་ཚོགས་རྒྱན་གྱིས་སྤྲས། །འདོད་དགུའི་དཔལ་འབྱོར་སྩོལ་བའི་ལྷུང་བཟེད་དང་། །ཉེས་ཀུན་སེལ་བའི་གསེག་ཤང་སིལ་སྒྲ་སྒྲོག །བར་ཆད་བདུད་དཔུང་འཇོམས་པའི་ཙན་དན་བེང་། །བསྟན་དགྲའི་སྲོག་རྩ་འགུགས་པའི་བཙན་ཞགས་དམར། །གསང་མདོས་རྫས་དང་ཡོ་བྱད་ཕུན་སུམ་ཚོགས། །མདོར་ན་པདྨའི་མཚོ་ལ་ངང་པ་ལྟར། །དམ་ཅན་འབྲལ་མེད་འཁོར་བའི་གསང་རྫས་འདིས། །རྒྱལ་ཆེན་རིགས་ལྔའི་ཐུགས་ཀྱི་ཉམས་ཆགས་བསྐང་། །དེ་ལྟར་ཕྱི་ནང་གསང་གསུམ་མཆོད་སྤྲིན་ཚོགས། །རིན་ཆེན་དཀོན་མཆོག་གསུམ་གྱི་བདེན་པ་དང་། །རྒྱལ་ཆེན་དམ་ཚིག་ཅན་གྱི་མཐུ་སྟོབས་དང་། །བདག་གི་སྔགས་དང་ཕྱག་རྒྱ་ཏིང་འཛིན་མཐུས༑ །ཚད་མེད་ཀུན་ཏུ་བཟང་པོའི་ཐུགས་བསྐྱེད་ལྟར། །ནམ་ཡང་ཟད་མི་ཤེས་པའི་དགེ་མཚན་འདིས། །རྒྱལ་ཆེན་འཁོར་བཅས་སྤྱན་ལམ་འབྱུང་གྱུར་ཅིག །བསྟན་དང་བསྟན་འཛིན་འཇིག་རྟེན་ཕན་བདེ་རྒྱས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་ཕུན་སུམ་ཚོགས། །བསམ་དོན་ཆོས་བཞིན་འགྲུབ་པའི་འཕྲིན་ལས་མཛོད། །ཡང་བསྐང་བ་རྒྱས་བསྡུས་འབྲིང་དུ་བྱེད་ན་ཁོ་བོས་གསར་དུ་བསྒྲིགས་པ་འདི་ལྟར་བྱ། ཧཱུྃ༑ ཆོས་དབྱིངས་བདེ་བ་ཆེན་པོའི་རྣམ་རོལ་ལས། །བྱུང་བའི་མཆོད་སྤྲིན་ནམ་མཁའི་མཐའ་ཀླས་པ། །ཤུགས་ལྡན་རིགས་ལྔ་འཁོར་བཅས་སྤྱན་ལམ་དུ། འབྱུང་ཞིང་རྒྱས་ལ་དགྱེས་པ་བསྐྱེད་གྱུར་ཅིག །མངར་གསུམ་བདུད་རྩིའི་མཆོད་ཡོན་རྒྱ་མཚོར་འཁྱིལ། །མཛེས་པའི་མེ་ཏོག་དྲི་ཞིམ་བདུག་སྤོས་སྤྲིན། །འོད་འབར་སྣང་གསལ་ག་པུར་ངད་ལྡང་དྲི། །སྣ་ཚོགས་བཟའ་བཅའ་སྙན་པའི་རོལ་མོར་བཅས༑ །རྡོ་རྗེ་ཤུགས་ལྡན་རིགས་ལྔའི་ཐུགས་དམ་བསྐང་། །བཀའ་ཉན་འཁོར་ཚོགས་ཐུགས་དམ་བསྐངས་གྱུར་ནས། །རྣལ་འབྱོར་འདོད་དོན་ཡིད་བཞིན་འགྲུབ་པ་དང་། །བློ་བཟང་བསྟན་དགྲ་ཐལ་བར་བརླག་པར་མཛོད། །དགྲ་བགེགས་སྙིང་ཁྲག་དབང་ལྔའི་མེ་ཏོག་དང་། །ཤ་སྣའི་དུད་སྤྲིན་ཞུན་ཆེན་སྒྲོན་མེ་སྦར། །མཁྲིས་པའི་དྲི་ཆབ་ཤ་རུས་ཞལ་ཟས་ཚོགས༑ །དུང་ཆེན་རྐང་གླིང་གསང་བའི་རྔ་ཆུང་གིས། །རྡོ་རྗེ་ཤུགས་ལྡན་རིགས་ལྔའི་ཐུགས་དམ་བསྐང་། །བཀའ་ཉན་འཁོར་ཚོགས་ཐུགས་དམ་བསྐངས་གྱུར་ནས། །རྣལ་འབྱོར་འདོད་དོན་ཡིད་བཞིན་འགྲུབ་པ་དང་། །བློ་བཟང་བསྟན་དགྲ་ཐལ་བར་བརླག་པར་མཛོད། །ཤ་ཁྲག་གཏོར་ཚོགས་ལྷུན་པོའི་སྤོ་ལྟར་སྤུངས། །སྐྱེམས་ཆང་རྒྱ་ཇ་འོ་ཞོ་མཚོ་ལྟར་འཁྱིལ། །བཀྲ་ཤིས་རྟགས་རྫས་འདོད་ཡོན་རིན་ཆེན་བདུན། །ཕྱི་ནང་མཆོད་སྤྲིན་ཀུན་གསལ་ཁྱོན་དུ་བཀྲམ། །རྡོ་རྗེ་ཤུགས་ལྡན་རིགས་ལྔའི་ཐུགས་དམ་བསྐང་། །བཀའ་ཉན་འཁོར་ཚོགས་ཐུགས་དམ་བསྐངས་གྱུར་ནས། །རྣལ་འབྱོར་འདོད་དོན་ཡིད་བཞིན་འགྲུབ་པ་དང་། །བློ་བཟང་བསྟན་དགྲ་ཐལ་བར་བརླག་པར་མཛོད། །སྤྲིན་དཀར་ལྟར་འཕྱོ་གདོང་ལྔའི་དབང་པོ་དང་། །རྩལ་ཆེན་ཁྱུང་འབྲུག་གླང་ཆེན་ངང་སེར་རྟ། །གཏུམ་པའི་གཅན་གཟན་ཕུང་བྱེད་ཐན་བྱའི་ཚོགས། །སྤྱན་གཟིགས་ཉེར་མཁོའི་སྲོག་ཆགས་སྣ་ཚོགས་ཀྱིས༑ །རྡོ་རྗེ་ཤུགས་ལྡན་རིགས་ལྔའི་ཐུགས་དམ་བསྐང་། །བཀའ་ཉན་འཁོར་ཚོགས་ཐུགས་དམ་བསྐངས་གྱུར་ནས། །རྣལ་འབྱོར་འདོད་དོན་ཡིད་བཞིན་འགྲུབ་པ་དང་། །བློ་བཟང་བསྟན་དགྲ་ཐལ་བར་བརླག་པར་མཛོད། །རྔམ་བརྗིད་རིན་ཆེན་རུས་པའི་ཕོ་བྲང་དང་། །ཐང་ཞྭ་ངུར་སྨྲིག་ཆས་གོས་འཇོལ་བེར་དང་། །གཡང་གཞིའི་བགོ་བ་རིན་ཆེན་རུས་རྒྱན་སོགས། །ཞི་དྲག་རྒྱན་གོས་མ་ཚང་མེད་པ་ཡིས། །རྡོ་རྗེ་ཤུགས་ལྡན་རིགས་ལྔའི་ཐུགས་དམ་བསྐང་། །བཀའ་ཉན་འཁོར་ཚོགས་ཐུགས་དམ་བསྐངས་གྱུར་ནས། །རྣལ་འབྱོར་འདོད་དོན་ཡིད་བཞིན་འགྲུབ་པ་དང་། །བློ་བཟང་བསྟན་དགྲ་ཐལ་བར་བརླག་པར་མཛོད། །སྤུ་གྲི་དགྲ་སྙིང་ལྕགས་ཀྱུ་མདའ་དར་དང་། །བུམ་ཐོད་ནོར་གཞོང་ཞགས་པ་ནེའུ་ལེ་སོགས། །ཞི་དྲག་རྒྱན་ཆ་གོ་མཚོན་སྣ་ཚོགས་དང་། །སྲོག་འཁོར་བླ་རྡོ་ཕྱི་ནང་གསང་རྟེན་གྱིས། །རྡོ་རྗེ་ཤུགས་ལྡན་རིགས་ལྔའི་ཐུགས་དམ་བསྐང་། །བཀའ་ཉན་འཁོར་ཚོགས་ཐུགས་དམ་བསྐངས་གྱུར་ནས། །རྣལ་འབྱོར་འདོད་དོན་ཡིད་བཞིན་འགྲུབ་པ་དང་། །བློ་བཟང་བསྟན་དགྲ་ཐལ་བར་བརླག་པར་མཛོད། །འདོད་ཆུང་ཆོག་ཤེས་སྦྱངས་པའི་ཡོན་ཏན་ལ། །གནས་ནས་ཤིང་རྟ་ཆེན་པོའི་གཞུང་ལུགས་ཆེར། །མང་ཐོས་དཔྱད་པ་ཕྲ་མོའི་བརྒལ་བརྟག་གི །ལུང་རིགས་རྣམ་འགྱུར་འབུམ་དུ་སྤྲོ་བ་ཡིས། །རྡོ་རྗེ་ཤུགས་ལྡན་རིགས་ལྔའི་ཐུགས་དམ་བསྐང་། །བཀའ་ཉན་འཁོར་ཚོགས་ཐུགས་དམ་བསྐངས་གྱུར་ནས། །རྣལ་འབྱོར་འདོད་དོན་ཡིད་བཞིན་འགྲུབ་པ་དང་། །བློ་བཟང་བསྟན་དགྲ་ཐལ་བར་བརླག་པར་མཛོད། །བསྟན་པའི་སྙིང་པོ་བྱང་ཆུབ་ལམ་རིམ་ལ། །ཐོས་བསམ་བཤད་སྒྲུབ་གཅིག་ཏུ་བརྩོན་པ་དང་། །དགེ་ལྡན་ལྟ་གྲུབ་གཙང་མར་སྐྱོང་བ་ཡི། །ལྷ་ཁྱོད་ལྷག་པར་དགྱེས་པའི་མཆོད་སྤྲིན་འདིས། །རྡོ་རྗེ་ཤུགས་ལྡན་རིགས་ལྔའི་ཐུགས་དམ་བསྐང་། །བཀའ་ཉན་འཁོར་ཚོགས་ཐུགས་དམ་བསྐངས་གྱུར་ནས། །རྣལ་འབྱོར་འདོད་དོན་ཡིད་བཞིན་འགྲུབ་པ་དང་། །བློ་བཟང་བསྟན་དགྲ་ཐལ་བར་བརླག་པར་མཛོད། །ཕྱི་རུ་སོ་ཐར་འདུལ་བའི་ཀུན་སྤྱོད་གཙང་། །ནང་དུ་ངེས་འབྱུང་བྱང་ཆུབ་སེམས་གཉིས་འབྱོངས། །གསང་བ་རིམ་གཉིས་བདེ་སྟོང་རྣལ་འབྱོར་སྐྱོང་། །ཡོངས་རྫོགས་ལམ་བཟང་འགལ་མེད་སྒྲུབ་པ་འདིས། །རྡོ་རྗེ་ཤུགས་ལྡན་རིགས་ལྔའི་ཐུགས་དམ་བསྐང་། །བཀའ་ཉན་འཁོར་ཚོགས་ཐུགས་དམ་བསྐངས་གྱུར་ནས། །རྣལ་འབྱོར་འདོད་དོན་ཡིད་བཞིན་འགྲུབ་པ་དང་། །བློ་བཟང་བསྟན་དགྲ་ཐལ་བར་བརླག་པར་མཛོད། །ཐུན་མོང་ཐུན་མོང་མིན་པའི་ལམ་རིམ་དང་། །གསང་བདེ་འཇིགས་གསུམ་རིམ་གཉིས་ཟབ་མོའི་གནད། །བློ་བཟང་རྒྱལ་བའི་དགོངས་བཅུད་མཐར་ཐུག་ལ། །ངེས་རྙེད་རྩེ་གཅིག་བརྩོན་པའི་རྣལ་འབྱོར་འདིས༑ །རྡོ་རྗེ་ཤུགས་ལྡན་རིགས་ལྔའི་ཐུགས་དམ་བསྐང་། །བཀའ་ཉན་འཁོར་ཚོགས་ཐུགས་དམ་བསྐངས་གྱུར་ནས། །རྣལ་འབྱོར་འདོད་དོན་ཡིད་བཞིན་འགྲུབ་པ་དང་། །བློ་བཟང་བསྟན་དགྲ་ཐལ་བར་བརླག་པར་མཛོད། །གང་སྐུའི་ཕུང་ཁམས་སྐྱེ་མཆེད་ཡན་ལག་རྣམས། །ཤུགས་ལྡན་རིགས་ལྔ་གཙོ་འཁོར་དུ་ཤར་ཀྱང་༑ །ངེས་དོན་ལུས་དཀྱིལ་ལྷ་ཚོགས་སོ་གཉིས་སུ། །ངེས་རྙེད་ཡ་མཚན་ཕུལ་གྱི་རྣལ་འབྱོར་འདིས། །རྡོ་རྗེ་ཤུགས་ལྡན་རིགས་ལྔའི་ཐུགས་དམ་བསྐང་། །བཀའ་ཉན་འཁོར་ཚོགས་ཐུགས་དམ་བསྐངས་གྱུར་ནས། །རྣལ་འབྱོར་འདོད་དོན་ཡིད་བཞིན་འགྲུབ་པ་དང་། །བློ་བཟང་བསྟན་དགྲ་ཐལ་བར་བརླག་པར་མཛོད། །བློ་བཟང་རྒྱལ་བའི་བསྟན་དགྲ་འཇོམས་པའི་ཕྱིར། །ཕྱི་ལྟར་འཇིགས་བྱེད་དྲེགས་པའི་ཚུལ་བསྟན་ཀྱང་། །ངོ་བོ་འཇམ་དཔལ་གཤིན་རྗེ་གཤེད་ཉིད་དུ། །ཡིད་ཆེས་གསོལ་འདེབས་བླ་མེད་རྟེན་མཆོག་གིས། །རྡོ་རྗེ་ཤུགས་ལྡན་རིགས་ལྔའི་ཐུགས་དམ་བསྐང་། །བཀའ་ཉན་འཁོར་ཚོགས་ཐུགས་དམ་བསྐངས་གྱུར་ནས། །རྣལ་འབྱོར་འདོད་དོན་ཡིད་བཞིན་འགྲུབ་པ་དང་། །བློ་བཟང་བསྟན་དགྲ་ཐལ་བར་བརླག་པར་མཛོད། །བློ་བཟང་བསྟན་དགྲ་ཐལ་བར་བརླག་པར་མཛོད། །ཡང་བསྐང་བ་ཤིན་ཏུ་བསྡུས་པ་གྲངས་གསོག་ལྟ་བུའི་ཚེ་འོན་རྒྱལ་སྲས་རྡོ་རྗེ་འཆང་བསྐལ་བཟང་བསྟན་འཛིན་གྱིས་མཛད་པའི་བསྐངས་བཤགས་སྦྲགས་མ་འདི་བྱ་སྟེ། ཧཱུཾ༑ གངྒའི་རྒྱུན་མཚུངས་སྙིང་ཁྲག་མཆོད་ཡོན་སྦྲེང་། །རྣམ་བཀྲ་དབང་པོའི་མེ་ཏོག་དུད་སྤྲིན་འཁྲིགས། །མཁྲིས་ཆེན་དྲི་ཆབ་ཤ་རུས་རྐང་གླིང་སྒྲ། །ཟག་མེད་བདུད་རྩིའི་རྒྱ་མཚོ་དགྱེས་བཞིན་བཞེས། །གཞན་ཡང་འདོད་ཡོན་རྒྱལ་སྲིད་རིན་ཆེན་བདུན། །ཅང་ཤེས་རྟ་གླང་འཇིགས་རུང་གཡག་ལུག་ཁྱི། །ངུར་སྨྲིག་བླ་གོས་སྲ་བརྟན་གོ་ཁྲབ་ཕུབ། །མདའ་མདུང་རལ་གྲི་ཕྱི་ནང་གསང་བའི་རྟེན། །འཇིག་རྟེན་འདས་དང་མ་འདས་མཆོད་སྤྲིན་གྱིས། །རྡོ་རྗེ་ཤུགས་ལྡན་སྣང་སྲིད་དྲེགས་པའི་ཚོགས༑ །ཐུགས་དམ་བསྐང་ཞིང་ཉམས་ཆག་གསོས་གྱུར་ཅིག །ཁྱད་པར་བདག་ཅག་མ་རིག་གཞན་དབང་གྱུར། །སྒོ་གསུམ་བྱ་བའི་ཉེས་ཚོགས་ཅི་མཆིས་པ། །སྲུང་མ་ཁྱེད་ཀྱི་ཐུགས་དང་འགལ་གྱུར་པ། །ཐམས་ཅད་མནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས། །གཞན་ཡང་བསྟན་སྲུང་ཆེན་པོ་འཁོར་བཅས་ལ། །དམ་ཚིག་ལས་འདས་བསྙེན་སྒྲུབ་མཆོད་གཏོར་སོགས། །རྣལ་འབྱོར་བདག་ཅག་ཉམས་ཆགས་ཅི་མཆིས་རྣམས། །འཁོར་གསུམ་དམིགས་མེད་དབྱིངས་སུ་བཤགས་པར་བགྱི། །དེ་ནས། ཆོས་སྐུ་ཡངས་པའི་ཕོ་བྲང་ནས། །ཤུགས་ལྡན་རིགས་ལྔ་འཁོར་བཅས་ཀྱིས། །མཐུན་པའི་དམ་རྫས་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །གཞན་གྱི་བསམ་སྦྱོར་ངན་པ་དང་། །ཚེ་ཟོར་ཡུང་ཟོར་འཕེན་པ་བཟློག །འབྱུང་པོའི་ཐོད་ཟོར་འཕེན་པ་བཟློག །གཤིན་རྗེའི་འཁོར་ལོ་བསྐོར་བ་བཟློག །བདུད་ཀྱི་ཁྲམ་ཁ་བསྟན་པ་བཟློག །མ་མོའི་ཁྲག་ཟོར་འཕེན་པ་བཟློག །ཞང་ཞུང་བཙོ་དམར་འཕེན་པ་བཟློག །སུམ་པ་གླང་ཟོར་འཕེན་པ་བཟློག །བནྡེ་སྔགས་ཟོར་འཕེན་པ་བཟློག །བོན་པོ་རྟ་ཟོར་འཕེན་པ་བཟློག །སྔགས་པ་སྒོང་ཟོར་འཕེན་པ་བཟློག །སྐྱེས་པ་མདའ་ཟོར་འཕེན་པ་བཟློག །བུད་མེད་དམོད་ཟོར་འཕེན་པ་བཟློག །མུ་སྟེགས་བར་གཅོད་བྱེད་པ་བཟློག །ངན་སྔགས་སྡུག་པའི་རྦོད་གཏོང་བཟློག །ཀླུ་ཡི་བྱད་དུ་བཅུག་པ་བཟློག །ཐེའུ་རང་སྲི་ལ་བརྐུ་བ་བཟློག །རྒྱལ་པོའི་སྨྱོ་འབོག་གཏོང་བ་བཟློག །དྲང་སྲོང་གཟའ་ཡི་ཀི་ཀཾ་བཟློག །ལྟས་ངན་བརྒྱད་ཅུ་རྩ་བཞི་བཟློག །ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་བཟློག །རྨི་ལམ་ངན་དང་མཚན་མ་ངན། །ལོ་སྐེག་ཟླ་སྐེག་ཞག་སྐེག་དང་། །ནད་རིགས་བཞི་བརྒྱ་རྩ་བཞི་བཟློག །མཁའ་འགྲོ་མ་དང་རོ་ལངས་དང་། །རྒྱལ་བསེན་བར་ཆད་བྱེད་པ་བཟློག །དེ་ལ་སོགས་པའི་གདུག་སེམས་རྣམས། །ཐམས་ཅད་སྡང་བའི་དགྲ་ལ་བྷྱོཿ ཐམས་ཅད་གནོད་པའི་བགེགས་ལ་བྷྱོཿ ཞེས་པས་བཟློག་པ་དང་། ཧཱུཾ། མཐུན་པའི་དངོས་གྲུབ་མ་ལུས་པ། །དེང་འདིར་བདག་ལ་སྩལ་དུ་གསོལ། །འཁོར་དང་བསྟན་པ་ལོངས་སྤྱོད་རྣམས༑ །རྒྱས་པར་མཛོད་ཅིག་ཤུགས་ལྡན་རྩལ།  དེ་ནས་བཟླས་པ་བྱ་བ་ནི། རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། ཆོས་སྐྱོང་རྒྱལ་ཆེན་ཤུགས་ལྡན་རིགས་ལྔ་དྲག་པོ་རྩལ་རྣམས་ཀྱི་ཐུགས་ཀར་ཉི་གདན་གྱི་སྟེང་དུ་ཧཱུྃ་ཡིག་གི་མཐར་སྔགས་ཕྲེང་རང་རང་གི་ཁ་དོག་དང་མཚུངས་པས་བསྐོར་བ་ལ་ཕོག་པས་ཐུགས་རྒྱུད་རང་དབང་མེད་པར་བསྐུལ་ཏེ། ཅི་འདོད་པའི་ཞི་རྒྱས་དབང་དྲག་གི་ལས་ཐམས་ཅད་ཐོགས་པ་མེད་པར་བསྒྲུབ་པར་གྱུར་པར་བསམས་ལ། ཨོཾ་བཛྲ་བི་ཀི་བི་ཊཎ་སྭཱཧཱ། ཞེས་དང་། ཨོཾ་དྷརྨཱ་པཱ་ལ་མཧཱ་རཱ་ཛ་བཛྲ་བེ་ག་ཝན་རུ་དྲཿཔཉྩ་ཀཱུ་ལ་སརྦ་ཤ་ཏྲཱུཾ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་དམིགས་རིམ་དང་བཅས་ཅི་མང་བཟླས་པའི་མཐར། ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏེ་ནོ་པ་ཏིཥྛ། དྲི་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲཱི་ཡཾ་ཀུ་རུ་ཧཱུཾ༑ ཧ་ཧ་ཧ་ཧ་ཧོཿབྷ་ག་ཝན། སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲི་བྷ་བ་མཧཱ་ས་མ་ཡ་སཏྭ་ཨཱཿཧཱུཾ་ཕཊ། གཏོར་མ་འབུལ་བ་ནི། ཨོཾ་ཧྲཱིཿཥྚིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ལྟ་བུ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་ཨཱཿལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨཱཿལས་བྱུང་བའི་ཐོད་པ་དཀར་པོ། དེའི་ནང་གི་ཤར་དུ་བྷྲུཾ་ལས་བྱུང་བའི་བ་ལང་གི་ཤ་གོས་མཚན་པ། ལྷོར་ཨཾ་ལས་བྱུང་བའི་ཁྱིའི་ཤ་ཀུས་མཚན་པ། ནུབ་ཏུ་ཛིཾ་ལས་བྱུང་བའི་གླང་པོ་ཆེའི་ཤ་དས་མཚན་པ། བྱང་དུ་ཁཾ་ལས་བྱུང་རྟའི་ཤ་ཧས་མཚན་པ༑ དབུས་སུ་ཧཱུྃ་ལས་བྱུང་བའི་མིའི་ཤ་ནས་མཚན་པ། ཤར་ལྷོར་ལཾ་ལས་བྱུང་བའི་དྲི་ཆེན་བིས་མཚན་པ། ལྷོ་ནུབ་ཏུ་མཱཾ་ལས་བྱུང་བའི་རཀྟ་རས་མཚན་པ། ནུབ་བྱང་ཏུ་པཾ་ལས་བྱུང་བའི་བྱང་སེམས་དཀར་པོ་ཤུས་མཚན་པ། བྱང་ཤར་དུ་ཏཱཾ་ལས་བྱུང་བའི་རྐང་མར་མས་མཚན་པ། དབུས་སུ་བཾ་ལས་བྱུང་བའ་ིདྲི་ཆུ་མཱུས་མཚན་པ། དེ་དག་གི་སྟེང་དུ་ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུྃ་སྔོན་པོ་གསུམ་སྟེང་ནས་སྟེང་དུ་བརྩེགས་པར་གྱུར། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། རླུང་ལ་ཕོག་པས་རླུང་གཡོས་མེ་སྦར་ཏེ་ཐོད་པའི་རྫས་རྣམས་ཞུ་ཞིང་ཁོལ་བར་གྱུར། ཡི་གེ་གསུམ་ལས་འོད་ཟེར་རིམ་པ་བཞིན་དུ་འཕྲོས་པས། སྐུ་རྡོ་རྗེ་གསུང་རྡོ་རྗེ་ཐུགས་རྡོ་རྗེ་རྣམས་བཀུག་ནས་ཡི་གེ་གསུམ་ལ་རིམ་གྱིས་ཐིམ་པ་རྣམས་ཐོད་པར་ལྷུང་ནས་ཞུ་བས། ཧཱུྃ་གིས་ཁ་དོག་དྲི་ནུས་ཀྱི་སྐྱོན་སྦྱངས། ཨཱཿས་བདུད་རྩིར་རྟོགས་པར་བྱས། ཨོཾ་གྱིས་མང་པོར་སྦར་ཞིང་སྤེལ་བར་གྱུར། ཨོཾ་ཨཱཿཧཱུྃ༑ ལན་གསུམ། བསྟན་སྲུང་རྒྱལ་པོ་ཆེན་པོ་རྡོ་རྗེ་ཤུགས་ལྡན་རིགས་ལྔ་དྲག་པོ་རྩལ་འཁོར་དང་བཅས་པ་རྣམས་ཀྱི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་དུ་གྱུར་པས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ཨོཾ་དྷརྨཱ་པཱ་ལ་མཧཱ་རཱ་ཛ་བཛྲ་བེ་ག་ཝན་རུ་དྲཿཔཉྩ་ཀཱུ་ལ་ས་པ་རི་ཝཱ་ར་སརྦ་བིགྷྣཱན་ཤ་ཏྲུཾ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལན་གསུམ་གྱིས་གཙོ་བོ་ལ་ཕུལ། འཁོར་རྣམས་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨཱདྱ་ནུཏྤནྣ་ཏྭད། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། ལན་གསུམ། ཨོཾ་དྷརྨཱ་པཱ་ལ་མཧཱ་རཱ་ཛ་བཛྲ་བེ་ག་ཝན་རུ་དྲཿཔཉྩ་ཀཱུ་ལ་ས་པ་རི་ཝཱ་ར་ཨརྒྷཾ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝིདྱཱ། ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཨོཾ་དྷརྨཱ་པཱ་ལ་མཧཱ་རཱ་ཛ་བཛྲ་བེ་ག་ཝན་རུ་དྲཿཔཉྩ་ཀཱུ་ལ་ཨོཾ་ཨཱཿཧཱུཾ། གཏོར་རྫོངས་ནི། ཧཱུཾ༑ འཇམ་མགོན་རྒྱལ་བའི་བསྟན་སྲུང་རྡོ་རྗེ་ཤུགས་ལྡན་རིགས་ལྔ་དྲག་པོ་རྩལ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ཁྱད་པར་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་མདོ་སྔགས་ཀྱི་བསྟན་པ་བསྲུང་། དཀོན་མཆོག་གི་དབུ་འཕང་སྟོད། དགེ་འདུན་གྱི་སྡེ་སྐྱོངས། །བླ་མའི་སྐུ་ཚེ་སྲིངས། །རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་ཆོས་སྒྲུབ་པའི་འགལ་རྐྱེན་ཐམས་ཅད་སོལ། མཐུན་རྐྱེན་ཐམས་ཅད་སྒྲུབས། གནོད་ཅིང་འཚེ་བར་བྱེད་པའི་དམ་ཉམས་དགྲ་བགེགས་ཐམས་ཅད་དྲག་པོའི་ཆད་པས་སྐད་ཅིག་ཉིད་ལ་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པའི་འཕྲིན་ལས་མཛོད་ཅིག །ཨོཾ་དྷརྨཱ་པཱ་ལ་མཧཱ་རཱ་ཛ་བཛྲ་བེ་ག་ཝན་རུ་དྲཿཔཉྩ་ཀཱུ་ལ་ས་པ་རི་ཝཱ་ར་དགྲ་བགེགས་ཨ་མུ་ཀ་མཱ་ར་ཡ་ཕཊ྄། མཁའ་འགྲོ་སྤྱི་གཏོར་ནི། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། ཕཻ།ཾ རང་གི་ཐུགས་ཀར་ཉི་གདན་ལ་གནས་པའི་ཧཱུྃ་ཡིག་ལས་འཕྲོས་པས་འོད་ཟེར་གྱིས་དུར་ཁྲོད་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང་དང་ཀླུ་ལ་སོགས་པ་ཐམས་ཅད་སྤྱན་དྲངས་ཏེ་ཕྱོགས་མཚམས་བརྒྱད་དུ་འཁོད་པ་སྐད་ཅིག་གིས་འོད་གསལ་དུ་བཅུག་པ་ལས་བདེ་མཆོག་གི་ལྷ་ཡབ་ཡུམ་གྱི་སྐུར་བཞེངས་པའི་མགྲོན་རྣམས་ཀྱི་ལྗགས་ལ་ཧཱུྃ་དཀར་པོ་ལས་རྡོ་རྗེ་རྩེ་གསུམ་པ་དཀར་པོ་ནས་འབྲུ་ཙམ་འཁོད་པའི་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་དྲངས་ནས་གསོལ་བར་གྱུར། གཏོར་སྣོད་ཤར་ནས་ཕྱོགས་གཡོན་བསྐོར་དང་། མེ་ནས་མཚམས་གཡས་སུ་བསྐོར་ཏེ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦྦ་ཡཀྵ་རཱཀྵ་ས། བྷཱུ་ཏ། པྲེ་ཏ། པི་ཤཱ་ཙ༑ ཨུནྨད། ཨ་པསྨ་ར། བཛྲ་ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡ། ཨི་མཾ་བ་ལིཾ་གྲིཧྞནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ། ཡ་ཐཻ་པཾ། ཡ་ཐཻཥྚ། བྷུ་ཛ་ཐ། པི་པཱ་ཐ། ཛི་གྲ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦྦ་ཀཱརྟ་ཡ། སད་སུ་ཁཾ་བི་ཤུད་དྷ་ཡེ། ས་ཧ་ཡི་ཀ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ལན་གཉིས་བརྗོད་དེ་ཕྱོགས་མཚམས་ན་གནས་པ་ལ་འབུལ་ལོ།། ཨོཾ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝ་ར་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཨོཾ་པཱ་དྱཾ་ཏཱི་ཙྪ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་དྷུ་པེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་དཱི་པེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཤཔྟ་ཨཱཿཧཱུྃ་སྭཱ་ཧཱ། དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང་དང་ཀླུ་ལ་སོགས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། །ལྷ་ཡི་ཚོགས་རྣམས་མ་ལུས་དང་། །ཀླུ་ཡི་ཚོགས་རྣམས་མ་ལུས་དང་། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང་། །སྲིན་པོའི་ཚོགས་རྣམས་མ་ལུས་དང་། །འབྱུང་པོའི་ཚོགས་རྣམས་མ་ལུས་དང་། །ཡི་དྭགས་ཚོགས་རྣམས་མ་ལུས་དང་། །ཤ་ཟའི་ཚོགས་རྣམས་མ་ལུས་དང་། །སྨྱོ་བྱེད་ཚོགས་རྣམས་མ་ལུས་དང་༑ །བརྗེད་བྱེད་ཚོགས་རྣམས་མ་ལུས་དང་། །མཁའ་འགྲོའི་ཚོགས་རྣམས་མ་ལུས་དང་། །མ་མོའི་ཚོགས་རྣམས་མ་ལུས་དང་། །མ་ལུས་པ་ནི་ཐམས་ཅད་དག །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །བསྟན་པ་བསྲུང་དང་འགྲོ་བའི་དོན་མཛད་ཕྱིར། །ཐུགས་དམ་བཅས་ཤིང་ཞལ་གྱིས་འཆེས་པ་རྣམས། །དཔལ་ཆེན་དཀའ་སྟོད་ཡིད་ལྟར་མགྱོགས་པ་ཡི། །འཇིགས་པའི་གཟུགས་ཅན་དྲག་གཏུམ་མི་བཟད་པ། །གདུག་པ་འདུལ་མཛད་ནག་པོའི་ཕྱོགས་རྣམས་འཇོམས། །རྣལ་འབྱོར་ལས་ལ་འབྲས་བུ་སྟེར་མཛད་ཅིང་༑ །མཐུ་སྟོབས་བྱིན་རླབས་བསམ་གྱིས་མི་ཁྱབ་པའི། །གནོད་སྦྱིན་ཚོགས་སོགས་བརྒྱད་ལ་ཕྱག་འཚལ་ལོ། །སྡེ་བརྒྱད་བཙུན་མོ་སྲས་དང་གཡོག་བཅས་པས། །དངོས་གྲུབ་ཀུན་གྱི་བཀའ་དྲིན་བདག་ལ་སྩོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །སྲུང་མས་རྟག་ཏུ་གྲོགས་མཛོད་ཅིག །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་ཞི་བ་དང་། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་རྒྱས་ཤིང་ཆོས་འཕེལ་དང་། །བདེ་ལེགས་ཐམས་ཅད་འབྱུང་བ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །།གཞི་བདག་གཏོར་མ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་སྭ་བྷ་ཝ་ཤུདྡྷཿསརྦ་དྷརྨ་སྭ་བྷ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་གྱུར། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་དཀར་གསུམ་མངར་གསུམ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །ཨོཾ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། ལན་གསུམ་གྱིས་བསྔོ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྒྱལ་བ་རིན་ཆེན་མང་ལ་ཕྱག་འཚལ་ལོ། དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ཞེས་དེ་བཞིན་གཤེགས་པ་བཞིའི་མཚན་དང་། ཕུན་ཚོགས་འདོད་ཡོན་ལྔ་ལྡན་པའི། །བདུད་རྩི་རྒྱ་མཚོའི་གཏོར་མ་འདི། །ས་ཡི་ལྷ་མོ་བརྟན་མ་དང་། །སྟོང་གསུམ་གཞི་བདག་ཚོགས་རྣམས་དང་༑ །ཚེ་རིང་མཆེད་ལྔ་བསྟན་སྐྱོང་བཅས། །གངས་ཅན་གནས་པ་ཐམས་ཅད་དང་། །ཁྱད་པར་ཡུལ་ཕྱོགས་འདིར་གནས་པའི། །ཡུལ་ལྷ་གཞི་བདག་རྣམས་ལ་འབུལ། །བཞེས་ནས་བདག་ཅག་འཁོར་བཅས་ཀྱིས། །ལས་དང་བྱ་བ་ཅི་བྱས་ཀྱང་། །ཀོ་ལོང་ཕྲག་དོག་མི་མཛད་པར། །མཐུན་རྐྱེན་ཡིད་བཞིན་གྲུབ་པར་མཛོད།  །བདག་གི་བསམ་པས་སྟོབས་དང་ནི། །དེ་བཞིན་གཤེགས་པས་བྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱི། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར༑ །ཐོགས་པ་མེད་པར་འབྱུང་གྱུར་ཅིག ཞེས་བདེན་སྟོབས་བརྗོད། ཚོགས་མཆོད་སྤྲོ་ན་མཚམས་འདིར། ཨ་ཧོ་མཧཱ་སུ་ཁ། ཞེས་པའི་བར་བཏོན། དེ་ནས་བསྟོད་པ་བྱ་བ་ནི།  བདེ་གཤེགས་བསྟན་པའི་སྙིང་པོ་དྲི་མེད་ཕུལ། །སྐྱེ་དགུའི་བསོད་ནམས་དབྱིགས་ཏུ་ངས་བསྲུང་ཞེས། །འཇམ་དཔལ་དཔའ་བོ་འཇིགས་བྱེད་དྲེགས་པའི་ཟོལ། །བསྟན་སྲུང་བྱེ་བའི་ཤུགས་ལྡན་ཁྱོད་ལ་བསྟོད༑ །རྗེས་ཆགས་སྙིང་རྗེའི་པད་རཱག་ལང་ཚོར་འཛུམ། །ཅིར་ཡང་སྒེག་པའི་ཁྲོ་ཆགས་ཞི་འཛུམ་གར། །ཚད་གཟུང་ཕ་མཐའ་མ་དམིགས་སྐུའི་གསང་བ། །དྲན་པའི་མོད་ལ་དགོས་འདོད་སྩོལ་ལ་བསྟོད། མཁྱེན་རབ་སྤུ་གྲིས་སྲིད་པའི་དགྲ་སྲོག་དྲལ། །བདེ་ཆེན་ཙིཏྟ་ཞི་མཐའི་གཤེད་དུ་བཟུང་། །སྲིད་ཞིའི་མཐའ་ལས་བཞེངས་པའི་ཐབས་མཁས་བརྡ། །མཐའ་ཡས་འགྲོ་བའི་དཔལ་དུ་སྟོན་ལ་བསྟོད། །མཐའ་བྲལ་ལྟ་བའི་ཡང་རྩེ་ཀླུ་སྒྲུབ་ལུགས། །ཐུབ་པའི་བརྟུལ་ཞུགས་འདུལ་བའི་སྤྱོད་པ་མཆོག །འདི་ལྟར་སྐྱོང་ཞེས་འགྲོ་ལ་འདོམས་པའི་སླད། །ཐང་ཞྭ་ངུར་སྨྲིག་ཆས་ཀྱིས་ཀླུབས་ལ་བསྟོད། །གདོང་ལྔའི་དབང་པོ་རྩལ་ཆེན་ཁྱུང་འབྲུག་སོགས། །སྣ་ཚོགས་ཞོན་པ་ངེས་མེད་ལ་བརྟེན་ནས། །མཐའ་ཡས་ཞིང་དུ་གང་འདུལ་སྤྲུལ་བསྒྱུར་གར། །འགྲོ་བའི་དོན་དུ་ངལ་བ་མེད་ལ་བསྟོད། །རབ་འབར་མེ་དཔུང་འཁྲུགས་པའི་ཀློང་ཉིད་དུ། །ཁྲོ་གཏུམ་དྲག་ཤུལ་བཤན་པའི་ཚུལ་འཆང་ཡང་། །བྱམས་བརྩེ་ཞི་བའི་ངང་ལས་ཅུང་ཟད་ཀྱང་། །གཡོ་མེད་ངོ་མཚར་ཁྱད་པར་འཕགས་ལ་བསྟོད། །གང་གི་གཟུགས་ཕུང་རྣམ་དག་ཞི་མཛད་གར། །འབུམ་ཕྲག་སྟོན་ཟླའི་ལང་ཚོ་གསར་པའི་སྐུ། །མདའ་དར་ཞགས་འཛིན་གཉིས་འཐུང་དབང་པོར་ཆིབས། །རྐྱེན་ངན་བར་གཅོད་སེལ་མཛད་ཁྱོད་ལ་བསྟོད། །གང་གི་ཚོར་ཕུང་རྣམ་དག་རྒྱས་མཛད་གར། །ཉིན་བྱེད་བྱེ་བའི་བྱིན་གཟིས་བརྗིད་པའི་སྐུ། །ནོར་གཞུང་བུམ་ཐོགས་ལྷ་རྟ་ངང་སེར་ཆིབས། །དཔལ་འབྱོར་འདོད་དགུ་སྤེལ་མཛད་ཁྱོད་ལ་བསྟོད། །གང་གི་འདུ་ཤེས་རྣམ་དག་དབང་མཛད་གར། །པད་རཱག་ལྷུན་པོའི་དཔལ་བཞིན་འབར་བའི་སྐུ། །ལྕགས་ཀྱུ་ཞགས་འཛིན་གཡུ་འབྲུག་སྔོན་པོ་ཆིབས། །ཁམས་གསུམ་དབང་དུ་འགུགས་མཛད་ཁྱོད་ལ་བསྟོད། །གང་གི་འདུ་བྱེད་རྣམ་དག་དྲག་མཛད་གར། །དམར་ནག་མི་བཟད་མེ་རླུང་འཁྲུགས་ལྟའི་སྐུ། །རྩལ་ཆེན་ཁྱུང་ཆིབས་སྤུ་གྲི་དགྲ་སྙིང་ཐོགས། །དགྲ་བགེགས་ཐལ་བར་རློག་མཛད་ཁྱོད་ལ་བསྟོད། །ཁམས་བཞི་གཟུགས་སོགས་རྣམ་ལྔ་རྣམ་དག་པའི། །རང་བཞིན་རང་རིགས་མཛེས་སྡུག་ཡུམ་ཆེན་དགུ། །ལང་ཚོས་རབ་སྒེག་འདོད་པའི་སྒྱུ་རྩལ་གྱིས། །སྲིད་པའི་འཆིང་བ་གྲོལ་མཛད་རྣམས་ལ་བསྟོད། །སྐྱེ་མཆེད་རྩ་རྒྱུས་ཚིགས་རྣམས་རྣམ་དག་པའི། །རང་བཞིན་འཕྲིན་ལས་སྣ་འདྲེན་དགེ་སློང་བརྒྱད། །གང་ལ་གང་འདུལ་སྤྲུལ་པའི་ཟློས་གར་གྱིས། །དམ་ལྡན་བུ་བཞིན་སྐྱོང་མཛད་རྣམས་ལ་བསྟོད། །ཡན་ལག་རྣམ་དག་སྟོབས་ཆེན་ཁྲོ་བོའི་གར། །དམ་ཉམས་སྲོག་ལ་དབང་བྱེད་ལས་མཁན་ཚུལ། །རྒྱ་ཧོར་བལ་བོད་ཁ་ཆེའི་རྣམ་འགྱུར་གྱིས། །ཕྱོགས་ཀུན་རྒྱུ་བའི་སྟག་ཤར་བཅུ་ལ་བསྟོད། །བཀའ་འཁོར་གཉན་པོ་ཁ་ཆེ་དམར་པོ་སོགས། །རྒྱལ་བཙན་གཟའ་བདུད་གནོད་སྦྱིན་ནོར་བདག་ཀླུ། །ལྷ་སྲིན་གཤིན་རྗེ་མ་མོ་ཐེའུ་རང་སོགས། །སྡེ་བརྒྱད་དམག་ཚོགས་སྟོང་གསུམ་གཡོ་ལ་བསྟོད། །ཡིད་འོང་རིན་ཆེན་མཛེས་པའི་གཞལ་མེད་དང་། །རྔམ་བརྗིད་དུར་ཁྲོད་རུས་པའི་ཕོ་བྲང་སོགས། །སྣ་ཚོགས་རྟེན་དང་བརྟེན་པའི་རྣམ་འགྱུར་གྱི། །མཐའ་ཀླས་སྤྲུལ་པའི་བཀོད་པར་ཕྱག་འཚལ་བསྟོད། །སྤྲོ་ཞིང་ལོང་ཡོད་ན་རྣམ་ཐར་ལོ་རྒྱུས་ཀྱི་སྒོ་ནས་བསྟོད་པ་དྭགས་པོ་སྐལ་བཟང་མཁས་གྲུབ་རིན་པོ་ཆེས་མཛད་པར་སྣོན་འཕྲི་ཕྲན་བུ་བགྱིས་པ་འདི་ལྟར། ༈ དཔག་མེད་བསྐལ་སྔོན་བདེ་གཤེགས་སར་གཤེགས་ཀྱང་། །བསྟན་འགྲོར་ཕན་ཕྱིར་གང་འདུལ་རྣམ་རོལ་བརྒྱས། །བདུན་ལྷག་བཅུ་ཕྲག་ཟུང་གི་འཕྲིན་ལས་ཅན། །ཁྱབ་བདག་རྡོ་རྗེ་ཤུགས་ལྡན་རྩལ་ལ་བསྟོད། །འཇམ་དབྱངས་བིར་ཝ་ས་པཎ་བུ་སྟོན་རྗེ། །འདུལ་འཛིན་གྲགས་རྒྱན་པཎ་ཆེན་བསོད་གྲགས་སོགས། །རྒྱ་བོད་སྐུ་ཕྲེང་མཁས་གྲུབ་མཐའ་ཡས་པའི། །རྣམ་རོལ་མཛད་བཟང་ཅིར་ཡང་སྟོན་ལ་བསྟོད། །ལྷ་ཁྱོད་པཎ་ཆེན་བློ་བཟང་ཆོས་རྒྱན་མདུན། །མངའ་སྤྲུལ་གྲགས་པའི་མཚན་ཅན་གྱུར་པ་ན། །དགུང་ལོ་བཅུ་གསུམ་བཞེས་ཚེ་བདེ་ལམ་སོགས། །གསན་ཏེ་གདམས་པའི་གཏེར་ཆེན་གྱུར་ལ་བསྟོད། །རྒྱན་དྲུག་གཞུང་ལ་རྣམ་དཔྱོད་ཐོགས་པ་མེད། །དབེན་གནས་བརྒྱ་ཕྲག་བརྒལ་བར་སྒོམ་སྒྲུབ་མཛད། །ཡི་དམ་ཀུན་གཟིགས་མཁའ་འགྲོའི་དྲྭ་བས་མཆོད། །མཁས་གྲུབ་ཀུན་གྱི་གཙུག་རྒྱན་དམ་པར་བསྟོད། །སྐལ་ལྡན་ཀུན་ལ་འཆད་ཚེ་འཕགས་སེང་དངོས། །ཕལ་རྒོལ་འཇོམས་ལ་རྩོད་མཁས་ཕྱོགས་གླང་རང་། །སྡེབ་ལེགས་སྙན་ངག་རྩོམ་ལ་ཟླ་བྲལ་བ། །དཔའ་བོ་གཉིས་པར་གྲགས་པ་ཁྱོད་ལ་བསྟོད། །དྲེགས་པའི་ཡང་རྗེ་རྡོ་རྗེ་གྲགས་ལྡན་གྱིས། །དགེ་ལྡན་ཐུན་མོང་མིན་པའི་བསྟན་སྲུང་སྐུར། །བཞེངས་ཞེས་ཐུགས་དམ་ཡང་ཡང་བསྐུལ་བ་ན། །སྙིང་སྟོབས་དྲག་པོའི་ཐུགས་བསྐྱེད་མཛད་ལ་བསྟོད། །ལོག་སྨོན་ཀུན་ཚོགས་དར་གྱིས་མགུལ་བཅིངས་ཚེ། །ཐུགས་བསྐྱེད་སྟོབས་ཀྱིས་དྲེགས་པའི་ཡང་རྗེར་བཞེངས། །ཉིན་མཚན་འཇིགས་རྔམ་ཆོ་འཕྲུལ་སྣ་ཚོགས་ཀྱིས། །བློ་ཆེན་རྣམས་ཀྱང་སྐྲག་པར་མཛད་ལ་བསྟོད། །ཡབ་ནི་བགེགས་རྒྱལ་ཡུམ་མཆོག་སྲིད་རྒྱལ་མོའི། །དྭངས་མ་ལས་འཁྲུངས་དྲག་པོའི་ཕོ་བྲང་ཆེར། །གང་སྐུའི་ལུས་དཀྱིལ་ཤུགས་ལྡན་རིགས་ལྔ་ཡི། །གཙོ་འཁོར་དཀྱིལ་འཁོར་སྐད་ཅིག་རྫོགས་ལ་བསྟོད། །དེ་ནས་རྩོལ་བྲལ་རིག་འཛིན་ནུས་ལྡན་བཞིས། །ཏིང་འཛིན་གྱིས་གཟིར་མངོན་སྤྱོད་ལས་བརྩམས་ཀྱང་༑ །འདུས་པའི་རིམ་གཉིས་ཕ་མཐར་སོན་པའི་མཐུས། །ཞུགས་ཀྱིས་མི་ཚུགས་དཔའ་རྟགས་ངོམ་ལ་བསྟོད། །གང་ཐུགས་ཡེ་ཤེས་རླུང་ལྔའི་རོལ་པ་ལས། །རྒྱལ་དབང་ཕྱོགས་ཕེབས་སྒར་སྒྲིག་ཚུགས་འདྲ་བའི། །ངོ་མཚར་ལྟད་མོ་སྡེ་བརྒྱད་ཆོ་འཕྲུལ་ཀུན། །འཚོ་བྱེད་སྨན་པ་དངོས་སུ་བསྟན་ལ་བསྟོད། །དེ་ནས་གཙང་ཕྱོགས་ལྷུན་པོའི་གྲྭར་བྱོན་ཀྱང་༑ །ཅུང་ཟད་རྟེན་འབྲེལ་འཆོལ་བས་དེ་མ་ཐག །ཁྲོས་པའི་ཚུལ་གྱིས་ས་སྐྱར་གཤེགས་པ་ན། །བསྟན་སྲུང་ཐུ་བོར་མངའ་གསོལ་མཛད་ལ་བསྟོད། །ཐུན་མོང་ལམ་སྦྱངས་མེད་པའི་སྣོད་མིན་རྣམས། །དབང་དང་གདམས་པའི་རྩིང་ཆོས་ལ་སྦྱོར་ཞིང་། །ཞྭ་སེར་བསྟན་ལ་བསྲེ་ལྷད་འཇུག་བྱེད་པའི། །བླ་སློབ་གཉིས་ཀར་ཆད་པས་བཅད་ལ་བསྟོད། །དུས་དབང་ལམ་རིམ་འཆད་ཉན་ཆེར་ཉམས་པས། །སེར་སྐྱ་ཕལ་ཆེར་རྣམ་དག་སྐྱབས་འགྲོས་ཕོངས། །ལོག་པར་འཕྱན་པའི་སྐྱེ་འགྲོ་མང་པོ་ལ། །ལམ་མཆོག་སྟོན་པའི་བླ་མ་མཛད་ལ་བསྟོད། །ནུས་ལྡན་གྲུབ་པའི་སྐྱེས་བུས་དགོངས་ཟབ་བསྐྱེད། །ཀརྨ་གུ་རུའི་ལས་མཐས་འདུལ་བར་རྩོམ། །དེ་ཚེ་ན་ཆུང་རྒྱུད་བསྐུལ་ཏིང་འཛིན་འཇིག །སྔགས་སྤྱོད་འཆལ་བར་སྐྱོང་བའི་གཤེད་མར་བསྟོད། །ཁྲིམས་ལྡན་འདུས་སྡེར་ཁས་དྲག་དཔོན་དག་གིས། །དོན་མེད་གནོད་ངན་བྱེད་ཚེ་ལྷ་ཁྱོད་མཐུས། །སྲོག་ལ་རྒོལ་བའི་དྲག་པོའི་ནད་ཀྱིས་བཏབ༑ །བཀའ་བཞིན་བཤགས་སྒྲུབ་ནད་ལས་སྒྲོལ་མཛད་བསྟོད། །དགའ་རབ་མཁན་པོར་སྡོད་གནས་ལྕོག་བཞེངས་ན། །མཐུན་རྐྱེན་དངོས་གྲུབ་འཕྲལ་དུ་སྟེར་ཞེས་གསུངས༑ །སྟོང་པའི་མཁའ་ལས་རིན་ཆེན་འདོད་དགུའི་ཆར། །དངོས་སུ་ནམ་མཁའ་མཛོད་བཞིན་སྦྱིན་ལ་བསྟོད། །དྲག་ཤུལ་དབང་པོའི་ཟོལ་གྱིས་སྐུ་རྟེན་དེའི། །མགྲིན་པར་རྡོ་རྗེ་མིད་པས་མནར་བ་དང་། །དེ་ཡི་བརྟེན་མཁར་ཡང་ཡང་བཀས་པ་སོགས། །ལྷ་ཆེན་རྣམས་ཀྱང་སྐྲག་པར་མཛད་ལ་བསྟོད། །དེ་ཚེ་ལྷ་མི་ཀུན་གྱིས་ཁྱོད་ཉིད་ལ། །སྐྱབས་བཅོལ་གསོལ་བ་བཏབ་པས་ཙོང་ཁ་པའི། །སྣང་བརྙན་བཞེངས་དང་འཕྲིན་ལས་མཛད་དོ་ཞེས། །དབུགས་དབྱུང་ཇི་བཞིན་ཡིད་ཆེས་སྟོན་ལ་བསྟོད༑ །བོད་རྗེ་སེར་སྐྱ་རྒྱ་ཡི་བློན་ཆེན་གྱིས། །སྲོག་གི་ཆད་པའི་ཆེད་དུ་འགུགས་པ་ན། །ཞག་བདུན་ནས་སོང་སྡོངས་གྲོགས་མཛད་དོ་ཞེས། །གསུངས་བཞིན་རྒྱ་དཔོན་ཚར་གཅོད་མཛད་ལ་བསྟོད། །དགའ་ལྡན་བསྟན་ལ་བསྲེ་ལྷད་འཇུག་བྱེད་པའི། །བདག་ཉིད་ཆེ་དང་ཕལ་དང་དཔོན་ཆེན་སོགས། །ཐལ་བའི་རྡུལ་བཞིན་རློག་པར་མཛད་པ་ཡི། །ཞྭ་སེར་བསྟན་པའི་དགྲ་ལྷ་ཁྱོད་ལ་བསྟོད། །གཤེན་རབས་ལུགས་ངན་འཛིན་པའི་མཐའ་འཁོབ་ཏུ། །ལས་བཞིའི་རྟགས་མཚན་རྣོ་མྱུར་དུ་མ་ཡིས། །ཚང་ལ་མ་ནོར་ལམ་བཟང་རྒྱས་མཛད་པའི། །སྐྱེ་དགུའི་འདྲེན་པར་གྱུར་པ་ཁྱོད་ལ་བསྟོད། །གནམ་བསྐོས་ལྷ་དང་གོང་ས་མཆོད་ཡོན་གྱིས། །ཞྭ་སེར་བསྟན་པའི་སྲུང་མར་མངའ་གསོལ་ཞིང་། །དེང་ནས་སངས་རྒྱས་མོས་པའི་བསྟན་པའི་བར། །བསྟན་སྲུང་ཐུགས་བསྐྱེད་མཛད་པ་ཁྱོད་ལ་བསྟོད། །མདོར་ན་ཁྱོད་ཀྱི་སྐུ་དང་འཕྲིན་ལས་ཀྱི། །ཕ་མཐའ་མ་དམིགས་སྒྱུ་འཕྲུལ་རབ་འབྱམས་གར། །ཡིད་བཞིན་ནོར་དང་བུམ་བཟང་དཔག་བསམ་ཤིང་། །རེ་སྐོང་མཐའ་ཀླས་བཀོད་པར་ཕྱག་འཚལ་བསྟོད། །འདི་དག་གི་ལོ་རྒྱུས་ངོ་མཚར་ཅན་རྣམས་ཞིབ་ཏུ་ཤེས་དགོས་པར་ཡོད་དོ༑ །དེ་ལྟར་བསྟོད་ནས། གོང་དུ་ཚོགས་འཁོར་ཡུལ་ཡོད་ན་འདིར་ཚོགས་ལྷག་གཏོང་། ཚོགས་ཀྱི་དམ་ཚིག་རྣམས་སྤྱི་ལྟར་བསྲུང་། ༄། ལྷ་མཆོག་སྤྲུལ་པའི་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་རྩལ་ཆེན་པོ་གཙོ་འཁོར་ལ་གསེར་སྐྱེམས་འབུལ་ཚུལ་བསམ་དོན་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ།། །།འདིར་དགེ་ལྡན་ཐུན་མོང་མ་ཡིན་པའི་བསྟན་སྲུང་ལྷ་མཆོག་སྤྲུལ་པའི་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་རྩལ་ཆེན་པོར་གསེར་སྐྱེམས་འབུལ་བར་འདོད་པས། རིན་པོ་ཆེའི་ཕུད་ཀོང་སོགས་སྣོད་ཕུན་སུམ་ཚོགས་པར། སྐྱེམས་ཆང་། རྒྱ་ཇ། འོ་ཞོ་སོགས་ཇི་ལྟར་རིགས་པའི་བཏུང་བ་གཙང་མ་བཤམས་ལ། རང་ཡི་དམ་གྱི་ལྷའི་ང་རྒྱལ་གྱིས་བདུད་རྩིའི་བཏུང་བར་བྱིན་གྱིས་བརླབ། བསྐང་ཆོག་རྒྱས་བསྡུས་དང་༑ འཕྲིན་བསྐུལ་རྐྱང་པ་སོགས་གང་དང་སྦྲག་ནས་འབུལ་ཡང་རང་རང་གི་འདོན་དོན་འཕྲིན་ལས་བཅོལ་བའི་གོང་དེར་འབུལ་ཞིང་། མིན་ཀྱང་འདི་ཉིད་རྐྱང་པའང་འབུལ་དུ་རུང་། གང་ལྟར་ཆོས་སྐྱོང་འཁོར་བཅས་མདུན་དུ་དངོས་སུ་བྱོན་ནས་བཞུགས་པར་མོས་ལ། ཧཱུཾ། དོན་གཉིས་ལེགས་ཚོགས་ཆར་འབེབས་བླ་མ་དང་། །མཆོག་ཐུན་དངོས་གྲུབ་ཀུན་སྩོལ་ཡི་དམ་ལྷར། །བདེ་སྟེར་བདུད་རྩིའི་བཏུང་བ་འདི་འབུལ་གྱིས། །བཞེས་ནས་བསམ་དོན་མྱུར་དུ་ལྷུན་འགྲུབ་མཛོད། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་ཀུན་དང་། །མཐུ་ལྡན་བསྟན་སྲུང་དམ་ཅན་རྒྱ་མཚོ་ལ། །བདེ་སྟེར་བདུད་རྩིའི་བཏུང་བ་འདི་འབུལ་གྱིས། །བཞེས་ནས་བསམ་དོན་མྱུར་དུ་ལྷུན་འགྲུབ་མཛོད། །ཕྱག་དྲུག་མགོན་དཀར་ཆོས་རྒྱལ་ཕྱི་ནང་གསང་། །དམག་ཟོར་གུར་ཞལ་ཕྱག་བཞི་རྣམ་ཐོས་སྲས། །ལྕམ་སྲིང་ལ་སོགས་ཡེ་ཤེས་སྤྱན་ལྡན་ལ། །བདེ་སྟེར་བདུད་རྩིའི་བཏུང་བ་འདི་འབུལ་གྱིས། །བཞེས་ནས་བསམ་དོན་མྱུར་དུ་ལྷུན་འགྲུབ་མཛོད། །ཁྱད་པར་འཇིག་རྟེན་ལས་འདས་བསྟན་སྲུང་མཆོག །མཐུ་སྟོབས་གཉན་མྱུར་རྡོ་རྗེ་ཤུགས་ལྡན་ལ། །བདེ་སྟེར་བདུད་རྩིའི་བཏུང་བ་འདི་འབུལ་གྱིས། །བཞེས་ནས་བསམ་དོན་མྱུར་དུ་ལྷུན་འགྲུབ་མཛོད། །ཞི་རྒྱས་དབང་དང་མངོན་སྤྱོད་རབ་འབྱམས་ལས། །ཐོགས་མེད་སྩོལ་མཛད་རྣམ་འགྱུར་རིགས་ལྔ་ལ། །བདེ་སྟེར་བདུད་རྩིའི་བཏུང་བ་འདི་འབུལ་གྱིས། །བཞེས་ནས་བསམ་དོན་མྱུར་དུ་ལྷུན་འགྲུབ་མཛོད། །མཛེས་སྡུག་ཡུམ་དགུ་སྣ་འདྲེན་དགེ་སློང་བརྒྱད། །ལས་མཁན་གཏུམ་པའི་སྟག་ཤར་བཅུ་སོགས་ལ། །བདེ་སྟེར་བདུད་རྩིའི་བཏུང་བ་འདི་འབུལ་གྱིས༑ །བཞེས་ནས་བསམ་དོན་མྱུར་དུ་ལྷུན་འགྲུབ་མཛོད། །ཁྱད་པར་རྒྱལ་བའི་བསྟན་པ་སྲུང་བའི་གཙོ། །བསེ་ཡི་ཁྲབ་ཅན་འཁོར་དང་བསྟན་རྣམས་ལ། །བདེ་སྟེར་བདུད་རྩིའི་བཏུང་བ་འདི་འབུལ་གྱིས༑ །བཞེས་ནས་བསམ་དོན་མྱུར་དུ་ལྷུན་འགྲུབ་མཛོད། །བཀའ་འཁོར་གཉན་པོ་དམ་ཉམས་སྲོག་གི་གཤེད། །ཤིན་ཏུ་ཁྲོ་གཏུམ་ཁ་ཆེ་དམར་པོ་ལ། །བདེ་སྟེར་བདུད་རྩིའི་བཏུང་བ་འདི་འབུལ་གྱིས། །བཞེས་ནས་བསམ་དོན་མྱུར་དུ་ལྷུན་འགྲུབ་མཛོད། །གཞན་ཡང་སྤྲུལ་པ་ཡང་སྤྲུལ་བསམ་ཡས་དང་། །བཀའ་སྡོད་ལྷ་སྲིན་སྟོང་གསུམ་གཡོ་བ་ལ། །བདེ་སྟེར་བདུད་རྩིའི་བཏུང་བ་འདི་འབུལ་གྱིས། །བཞེས་ནས་བསམ་དོན་མྱུར་དུ་ལྷུན་འགྲུབ་མཛོད། །དེ་ལྟར་མཆོད་ཅིང་འཕྲིན་ལས་བསྐུལ་བའི་མཐུས། །རྣམ་བཞིའི་འཕྲིན་ལས་དུས་དྲུག་སྐད་ཅིག་ཀྱང་། །གཡེལ་བ་མེད་པ་ཕ་ཡིས་བུ་བཞིན་དུ། །རྟག་ཏུ་སྐྱོངས་ཤིང་རྟག་ཏུ་རྗེས་གཟུང་མཛོད། །བཀའ་སྡོད་དྲེགས་པའི་ཚོགས་ཀྱང་འདུལ་འཛིན་རྗེའི། །གཡར་དམ་གཉན་པོའི་ཐ་ཚིག་དྲན་མཛོད་ལ། །བདག་གིས་གང་དང་གང་བཅོལ་ལས་འདི་རྣམས། །ད་ལྟ་མྱུར་དུ་བསྒྲུབ་ལ་མ་གཡེལ་ཞིག །ཅེས་འབུལ་ཞིང་འཕྲིན་ལས་བསྐུལ་བར་བྱས་ན་མངོན་འདོད་ཡིན་བཞིན་དུ་འགྲུབ་པར་གདོན་མི་ཟའོ། །དེ་ལྟར་སྤྲུལ་པའི་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་རྩལ་ཆེན་པོ་གཙོ་འཁོར་ལ་གསེར་སྐྱེམས་འབུལ་ཚུལ་བསམ་དོན་མྱུར་འགྲུབ་ཅེས་བྱ་བ་འདི་ནི། རྒྱལ་བའི་བསྟན་ལ་དད་སྟོབས་ཡངས་ཤིང་། བསྟན་སྲུང་ཆེན་པོ་འདི་ཉིད་ལ་མི་ཕྱེད་པའི་དད་དམ་བརྟན་པ་མི་རྗེ་མཁན་ཆུང་རུ་ཚ་མགོན་པོ་བསོད་ནམས་མཆོག་ནས། སྔར་ཡོད་གྲུབ་དབང་སྐལ་བཟང་མཁས་གྲུབ་ཀྱི་གསུང་འདི་བཞིན་ལུང་བརྒྱུན་འདིར་མ་བཞུགས་པ་དང་། ཧ་ཅང་རྒྱས་པ་བཅས་འཁྱེར་བདེ་མིན་ལ། རྒྱས་བསྡུས་འཚམས་པ་ཞིག་རྩོམ་དགོས་ཞེས་ལྷ་རེག་དང་མཎྜལ་རྟེན་གསུམ་བཅས་བསྐུལ་མ་མཛད་པ་བཞིན། རང་ཉིད་ཀྱང་སྔ་མོ་ནས་འདི་འདྲ་ཞིག་རྩོམ་འདུན་ཀྱང་ཡོད་པ་བཅས་ཕ་བོང་ཁའི་སྤྲུལ་མིང་པས་ས་སྒང་རྣམ་རྒྱལ་གླིང་དུ་རབ་རྒྱས་མེ་བྱི་སྨིན་ཟླའི་རྒྱལ་བ་གསུམ་པའི་སྔ་དྲོར་རྩོམ་པ་ན། ཞི་རྒྱས་དབང་དང་མངོན་སྤྱོད་རབ་འབྱམས་ལས། ཐོགས་མེད་སྩོལ་ཞེས་པའི་ཚིག་བྲིས་མཚམས་སུ་ས་སྒང་དགོན་གྱི་གྲྭ་ཡེ་ཤེས་ཕུན་ཚོགས་ནས་གསེར་སྐྱེམས་ཕུད་དམ་བཅུད་ཀྱིས་གང་མ་དང་། འདུལ་བའི་གླེགས་འབུམ་པོད་ཆ་ཚང་འབུལ་བ་དུས་མཚུངས་མ་སྒྲིག་ལྷུན་གྲུབ་ཀྱི་ལ་ཉེ་ཡང་མཆོག་ཏུ་བཟང་བ་བཅས་ལེགས་པར་སྦྱར་བའི་ཡི་གེ་པ་ནི་འདན་ཆོས་འཁོར་དགོན་གྱི་གྲྭ་རིགས་བློ་བཟང་རྡོ་རྗེས་བགྱིས་པ་འགྲོ་དོན་འཕེལ།། །།༄། སྤྲུལ་པའི་བསྟན་སྲུང་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་གཙོ་འཁོར་གྱི་འཕྲིན་བསྐུལ་བཞུགས་སོ།། ༈ ཧཱུཾ། རང་ཉིད་ཡི་དམ་ལྷར་གསལ་བའི༑ །མདུན་དུ་དམར་ནག་མེ་རླུང་དབུས། །པད་ཉི་དགྲ་བགེགས་བརྫིས་པ་ཡི། །འཇིགས་རུང་རྔམ་བརྗིད་སེངྒེའི་སྟེང་། །བསྟན་སྲུང་སྙིང་གི་ནོར་བུ་མཆོག །རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་རྩལ། །སྐུ་ལ་རབ་བྱུང་ཆས་ཀྱིས་མཛེས། །དབུ་ལ་ཐང་ཞྭ་གསེར་མདོག་གསོལ། །ཕྱག་ན་སྤུ་གྲི་དགྲ་སྙིང་ཐོགས། །སྒྲུབ་པ་པོ་ལ་དགྱེས་པའི་ཚུལ། །ཁྲོ་གཏུམ་དགྲ་བགེགས་སྒྲོལ་བའི་ཉམས། །ལས་བྱེད་ཁ་ཆེ་དམར་པོ་སོགས། །འཁོར་ཚོགས་རྒྱ་མཚོས་བསྐོར་བར་གྱུར། །བདག་ཉིད་ཐུགས་ཀའི་འོད་ཟེར་གྱིས། །རང་བཞིན་དབྱིངས་དང་བསྟེན་པའི་གནས། །གར་བཞུགས་ཕོ་བྲང་སོ་སོ་ནས། །ཡེ་ཤེས་པ་རྣམས་སྐད་ཅིག་ལ། །སྤྱན་དྲངས་དམ་ཡེ་དབྱེར་མེད་གྱུར། །ཧཱུཾ། སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ཞིང་། །ཕྱི་ནང་ཉེར་སྤྱོད་ཤ་ཁྲག་གཏོར་ཚོགས་དང་། སྐྱེམས་ཆང་རྒྱ་ཇ་ཕྱེ་མར་འོ་ཞོ་བཅས། །དངོས་བཤམས་ཡིད་སྤྲུལ་ནམ་མཁའ་བཀང་སྟེ་འབུལ། །དམ་རྫས་བསྐང་རྫས་བརྟེན་རྫས་མཐུན་རྫས་དང་། །ཕྱི་ནང་གསང་བའི་སྤྱན་གཟིགས་བསངས་མཆོད་བཅས། །ནམ་མཁའ་བཀང་སྟེ་འབུལ་གྱིས་འཁོར་བཅས་རྣམས། །ཐུགས་དམ་བསྐང་ཞིང་ཉམས་ཆགས་སོས་གྱུར་ཅིག །བདག་ཅག་བསམ་སྦྱོར་བྱ་སྤྱོད་ནོངས་པ་ཡིས། །བསྟན་སྲུང་ཆེན་པོའི་ཐུགས་དང་འགལ་བགྱིས་ཀུན། །སྙིང་ནས་བཤགས་སོ་མྱུར་དུ་བྱང་མཛོད་ལ། །མ་ཡིས་བུ་བཞིན་བརྩེ་བས་རྗེས་བཟུང་མཛོད། །ལྷ་མཆོག་ཁྱེད་ལ་སྙིང་ནས་བསྐུལ་བ་ནི། །བློ་བཟང་རྒྱལ་བའི་རིང་ལུགས་དར་ཞིང་རྒྱས༑ །དཔལ་ལྡན་བླ་མའི་སྐུ་ཚེ་ཆབ་སྲིད་སྤེལ། །དགེ་འདུན་སྡེ་རྣམས་བཤད་སྒྲུབ་འཕེལ་བར་མཛོད། །བདག་གི་ལུས་དང་དྲི་བཞིན་མི་འབྲལ་བར། །འགལ་རྐྱེན་བར་གཅོད་མ་ལུས་སེལ་བ་དང་། །མཐུན་རྐྱེན་འདོད་དོན་ཡིད་བཞིན་འགྲུབ་པ་ཡི། །བསྲུང་སྐྱོབ་གཉེར་ཁ་ནམ་ཡང་མི་གཡེལ་མཛོད། །ཁྱད་པར་ཡིད་ལ་བརྣག་པའི་འདོད་དོན་རྣམས། །བསམ་པ་ཇི་བཞིན་མྱུར་དུ་འགྲུབ་པ་ཡི། །ལས་བཞིའི་འཕྲིན་ལས་རྣོ་མྱུར་ཐོགས་མེད་ཀྱི། །མཐུ་རྩལ་མངོན་སུམ་སྟོན་པའི་དུས་ལ་བབ། །རྒྱུ་འབྲས་བདེན་ཤན་འབྱེད་པའི་དུས་ལ་བབ༑ །མ་ཉེས་ཁ་ཡོག་སེལ་བའི་དུས་ལ་བབ། །ཉམ་ཆུང་མགོན་མེད་སྐྱོབ་པའི་དུས་ལ་བབ། །ཆོས་ལྡན་བུ་བཞིན་སྐྱོང་བའི་དུས་ལ་བབ། །མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །བླ་མ་ལྷ་སྲུང་འདུས་སྐུར་མངའ་གསོལ་ན། །ཉིན་གསུམ་བྱ་ར་མཚན་གསུམ་མེལ་ཚེ་ཡི། །བསྲུང་སྐྱོབ་འཕྲིན་ལས་ནམ་ཡང་མི་གཡེལ་ཤོག། །།འདི་རྡོ་རྗེ་འཆང་ནས་གཙང་བཀྲས་ལྷུན་དུ་ལྗགས་བཀོད་གནང་བ། བཀྲ་ཤིས་ཆོས་གླིང་བའི་གསུང་རྒྱུན་ཕྱག་བཞེས་ལྟར་བཀོད་པའོ།། །། འདོད་དོན་འཕྲིན་ལས་བཅོལ་བ་ནི།  ཧཱུཾ༑ དམ་ལྡན་སྒྲུབ་པོས་ཁྱོད་ལ་གང་བཅོལ་བའི། །ལས་བཞིའི་འཕྲིན་ལས་རྣོ་མྱུར་ཐོགས་མེད་དུ། །ཀུན་གྱི་མཐོང་ཆོས་མངོན་སུམ་རྟགས་སྟོན་ན། །བདག་གི་བཅོལ་བའི་ལས་འདི་སྒྲུབ་པར་མཛོད། །བློ་བཟང་རིང་ལུགས་དྲི་མེད་ཉིན་བྱེད་དབང་། །སྲིད་ཞིའི་དགུང་མཁར་རྟག་ཏུ་འབར་བ་ལས། །དམན་དང་ལོག་པའི་ལམ་མུན་ཐག་བསྲིངས་པའི། །སྣང་བ་སྐྱེ་དགུའི་དཔལ་དུ་བརྡལ་བར་མཛོད། །དེ་འཛིན་སྐྱེས་བུ་དཔལ་ལྡན་བླ་མ་ཡི། །སྐུ་ཚེ་མི་ཤིགས་མཆོག་གི་རྒྱལ་མཚན་བརྟན། །གང་འདུལ་འགྲོ་ལ་འཕྲིན་ལས་དགོས་འདོད་ཆར། །བློ་བཟང་བསྟན་པའི་དཔལ་དུ་འབེབས་པར་མཛོད༑ །ཐུབ་པའི་བཞེད་གཞུང་དྲི་མེད་ཤིང་རྟའི་སྲོལ། །འཛིན་པའི་བློ་གསལ་ཁྲིམས་ལྡན་འདུས་པའི་སྡེ། །ཐུགས་མཐུན་ཁྲིམས་གཙང་བཤད་སྒྲུབ་འཕེལ་བ་སོགས། །དགེ་ལྡན་རིང་ལུགས་ཡར་ཟླའི་དཔལ་དུ་མཛོད། །མང་ཐོས་གདམས་པར་ཤར་བའི་སྙིང་པོའི་བཅུད། །མདོ་སྔགས་ལམ་གྱི་རིམ་པར་རྩེ་གཅིག་ཏུ། །སྒྲུབ་པའི་རྒྱལ་མཚན་འཛིན་པའི་བྱ་བྲལ་ཀུན། །བཞེད་དོན་སྙིང་པོར་སོན་པའི་འཕྲིན་ལས་མཛོད། །ཆོས་དང་ཆོས་མིན་བདེ་སྡུག་རྒྱུ་འབྲས་ལ། །སྤྱོད་པའི་སྐྱེ་དགུ་ས་ཆེན་ཁྱོན་བརྡལ་བར། །ཚར་གཅོད་རྗེས་འཛིན་གང་འདུལ་འཕྲིན་ལས་ཀྱིས། །མཐར་ཐུག་གཏན་བདེའི་ལམ་བཟང་ཡངས་པོར་མཛོད། །ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༑ །བར་ཆད་རྐྱེན་ངན་མ་ལུས་ཁྱོད་ཀྱིས་སོལ། །ཚེ་བསོད་དཔལ་འབྱོར་མ་ལུས་ཁྱོད་ཀྱིས་སྤེལ། །བརྟན་གཡོའི་འདོད་དགུ་དབང་དུ་ཁྱོད་ཀྱིས་བསྡུས། །རྟག་ཏུ་ལུས་དང་དྲི་བཞིན་མི་འབྲལ་བར། །གང་དང་གང་བཅོལ་ཡིད་ལ་གང་རེ་བ། །དེ་དང་དེ་བཞིན་མྱུར་དུ་འགྲུབ་པ་ཡི། །སྡོང་གྲོགས་གཉེར་ཁ་ནམ་ཡང་མི་གཡེལ་མཛོད། །བློ་བཟང་བསྟན་ལ་སྡང་བའི་ཡིད་སྲུབས་དང་། །རྣལ་འབྱོར་སྒོས་ལ་འཚེ་བའི་དམ་ཉམས་ཀྱི། །སྙིང་ཁྲག་ཧུབ་ཀྱིས་འདྲེན་པའི་མངོན་སྤྱོད་ལས། །ལོ་དང་ཟླ་བར་མ་འགྱངས་ད་ལྟ་སྒྲུབ། །ཕུན་ཚོགས་འདོད་དགུ་རབ་འཁྱིལ་སྒྲུབ་གནས་འདིར། །རྒྱུན་དུ་མཆོད་གཏོར་མགྲོན་དུ་རྟག་བཞུགས་ནས། །མི་ནོར་ལོངས་སྤྱོད་སྲུང་བར་གཉེར་གཏད་ན། །ཉིན་མཚན་དུས་དྲུག་བྱ་ར་མ་གཡེལ་མཛོད། །དྲག་པོའི་བསྐུལ་བྱེད་དགོས་བྱུང་ན། ཡི་དམ་གྱི་ལྷའི་ང་རྒྱལ་བརྟན་པོའི་ངང་ནས་རིག་པ་ངར་དང་ལྡན་པས། འདི་ལྟར། ཧཱུཾ༑ ང་ནི་ཁྲོ་རྒྱལ་གཤིན་རྗེ་གཤེད། །འཇམ་མགོན་བླ་མ་ཙོང་ཁ་པའི། །བསྟན་དང་བསྟན་འཛིན་དགྲ་ལྷའི་གཙོ། །ཤུགས་ལྡན་དྲག་པོ་རིགས་ལྔ་རྩལ། །འཁོར་དང་བཅས་པ་ཁྱོད་བསྐུལ་བས། །དུས་ལ་བབ་བོ་དམ་ཚིག་དགོངས། །ཁྲོ་གཏུམ་རྔམ་པའི་ཐུགས་བསྐྱེད་ལ། །གཟའ་བདུད་པེ་ཧར་རྒྱལ་བཙན་དང་། །ཞིང་སྐྱོང་གཤིན་རྗེ་ཐེའུ་རང་འབྱུང་། །མ་མོ་ཤ་ཟ་སྲིན་པོའི་རིགས། །སྡེ་བརྒྱད་རུ་འདྲེན་སྡེ་བཞི་སོགས༑ །ལས་མཁན་བཤན་པའི་དམག་དཔུང་ཚོགས། །འཁོར་བཅས་རྫུ་འཕྲུལ་སྟོབས་བསྐྱེད་ནས། །འཇམ་མགོན་རྒྱལ་བསྟན་སྲུང་བ་དང་། །རྣལ་འབྱོར་སྡང་དགྲ་གདོན་བགེགས་རྣམས། །སྒྲོལ་བར་བྱེད་པའི་དུས་ལ་བབ། །གདུག་ཅིང་སྡང་བའི་དགྲ་བོ་འདིས། །རྒྱལ་བསྟན་སྤྱི་དང་ཙོང་ཁ་པའི། །བསྟན་པ་བཤིགས་ཅིང་དབུ་འཕང་སྨད། །དཔལ་ལྡན་བླ་མའི་སྐུ་ལ་བསྡོས། །དཀོན་མཆོག་གསུམ་གྱི་སྡེ་རྣམས་བཅོམ། །དགེ་འདུན་སྡེ་ལ་གནོད་ཅིང་འཚེ། །ཆོས་འཁོར་གཉན་པོ་བཅོམ་པར་བྱས༑ །ཉེས་མེད་སེམས་ཅན་ཡོངས་ལ་འཚེ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །མ་ཉེས་ཁ་ངན་གཤེ་སྐུར་འདེབས། །བསམ་སྦྱོར་ངན་པ་སྣ་དགུ་བརྩམས། །མི་ཁྱོད་ལྷ་མེད་ཟེར་ནས་བརྙས། །ལྷ་ཁྱོད་མཐུ་མེད་ཟེར་ནས་སྨོད། །དགྲ་ལྷ་ཁྱོད་ལ་བསམ་བཞིན་བརྙས། །འདི་འདྲའི་ཉམ་ཐག་གནས་གྱུར་པ། །ཡེ་ཤེས་སྤྱན་གྱིས་གཟིགས་བཞིན་དུ། །ཡལ་བར་བོར་ན་སྲུང་མ་ཞན། །བསྟེན་ཅིང་མཆོད་པའི་དགོས་པ་ཅི། །བདག་ལ་དགྲ་ལྷ་གཞན་མེད་པས། །ཤུགས་ལྡན་འབོད་ཀྱི་སྙན་མ་སྲ། །ལས་ལ་བསྐུལ་ལོ་སྙིང་མ་རིང་། །དགྲ་ལ་རྦད་དོ་སྙིང་མ་བུལ། །སྲོག་རྩ་གཅོད་ལ་མཐུ་མ་ཆུང་། །སྡང་དགྲ་སྒྲོལ་ལ་རྩལ་མ་ཞན། །ཡིད་ལ་བརྣག་པའི་དགྲ་བོ་འདི། །གར་གནས་གང་དུ་བྲོས་གྱུར་ཀྱང་། །དྲག་ཏུ་དེད་ལ་མྱུར་དུ་ཟུངས། །དམ་དུ་ཆིངས་ལ་གནད་དུ་སྣུན། །གནམ་གྱི་འཇུག་ཐག་སྟེང་ནས་ཆོད། །ས་ཡི་བརྟེན་ཕུར་འོག་ནས་ཕྱུང་། །སྙིང་ལ་ལྕགས་ཀྱི་སྦར་མོ་ཐོབ། །ལྟག་པའི་ཕྱོགས་ནས་མདུད་ཆོད་ལ། །དཔྲལ་བའི་དཀྱིལ་ནས་མིག་ཐོན་ཅིག །ཁོང་ཁྲག་དྲོན་མོ་སྐྱུགས་སུ་ཆུག །ཀླད་པ་དཀར་པོ་ཞོ་ལྟར་དཀྲུག །གློ་སྙིང་དམར་ཆེམས་རྒྱབ་ཏུ་ཕྱུངས། །རྒྱུ་མ་ནང་ཁྲོལ་ཐང་ལ་ཁྲོམ། །འགོ་བའི་ལྷ་སྲུང་དང་ཕྱེ་ལ། །གནོད་པའི་འདྲེ་ངན་ལག་ཏུ་གཏོད། །སྲུང་བའི་གུར་ཁང་ཡོད་སྲིད་ན། །ལས་མཁན་ཕོ་ཉས་བསྡུས་ལ་ཤིག །བརྩིགས་པའི་མཁར་རྫོང་མཆིས་གྱུར་ན། །རྡོ་རྗེའི་ཐོག་གིས་རྨེག་མེད་ཆོམས། །རྡེག་པའི་མཚོན་ཆ་ཡོད་གྱུར་ན། །རང་མཚོན་རང་ལ་འཁོར་བར་གྱིས། །བསགས་པའི་ནོར་རྫས་ཡོད་གྱུར་ན། །རང་ཉིད་བརླག་ཅིང་ཕུང་རྒྱུར་ཐོངས། །བཟླས་པའི་གསང་སྔགས་ཡོད་གྱུར་ན། །སྡིག་ཅན་རང་ལ་དམོད་པར་གྱིས། །ཕན་པའི་སྨན་དཔྱད་ཅི་བགྱིས་པ། །གནོད་པའི་དུག་དང་ཟུག་རྔུར་སྒྱུར། །སྐྱོབ་པར་བྱེད་པའི་ལྷ་སྲུང་རྣམས། །སྲོག་དབུགས་ལེན་པའི་བདུད་དུ་ཕོབ། །གཤིན་རྗེའི་དབྱུག་པས་རྒྱབ་ནས་དེད། །མ་མོའི་དལ་ཡམས་དྲག་ཏུ་ཐོངས། །བདུད་ཀྱི་ཁྲམ་ཤིང་དགྲ་ལ་སྒྱུར། །རླུང་ལྷས་འབྱུང་བཞི་འཁྲུག་ཏུ་ཆུག །མོན་པས་ཆོ་འཕྲུལ་འདྲེ་རུ་ཐོངས། །ཀླུ་གཉན་ཁྲོས་པས་མཛེ་ལྷོག་ཐོངས། །གཉན་གྱིས་གག་ལྷོག་སྐྲངས་འབར་ཐོངས། །དམུ་ཡིས་དམུ་ཆུ་དལ་ནད་ཐོངས། །གཟའ་རྒོད་དྲག་པོས་དུག་གཟེར་ཐོངས༑ །རྒྱལ་པོའི་གཟེར་ནད་སྟོད་ལ་ཐོངས། །བཙན་གྱི་གཟེར་ནད་སྨད་དུ་ཕོབས། །དུག་གཟེར་སྤོས་འདྲེས་འཆི་རུ་ཆུག །ཐེའུ་རང་འགོང་པོས་སྨྱོ་རུ་ཆུག །བདུད་ཀྱིས་དྲན་མེད་བརྒྱལ་དུ་ཆུག །ཡུལ་ལྷ་སྡེ་བརྒྱད་འབྱུང་པོ་ཡིས། །ཁྱིམ་བྱའི་སྐད་དང་བོང་བུའི་བཞད། །ཐོག་སེར་མ་རུངས་ལྟས་ངན་ཐོངས། །སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱིས༑ །མི་འདོད་སྣ་དགུ་ཐོངས་ལ་ཤོག །ཚེ་བསོད་དཔལ་འབྱོར་ཉམས་སུ་ཆུག །ཀླུང་རྟ་དབང་ཐང་ཆག་ཏུ་ཆུག །མཐུན་རྐྱེན་ལེགས་ཚོགས་ལྷག་མེད་གཏོར། །མི་འདོད་ཉེར་འཚེ་མ་ལུས་པ། །ཆར་སྤྲིན་འཐིབས་པའི་མུན་བཞིན་ཐོངས། །ནད་གདོན་ཆགས་ཆེ་ཉམ་ང་ཀུན། །ཁ་བ་བུ་ཡུག་འཚུབ་བཞིན་ཐོངས། །མདོར་ན་རྣལ་འབྱོར་བདག་ཅག་ལ༑ །སྔ་དགྲ་ལག་ཏུ་བླངས་པ་དང་། །ཕྱི་དགྲ་སེམས་ལ་འཆང་བ་དང་། །ད་དགྲ་དངོས་སུ་གནོད་པ་རྣམས། །མགོ་བོ་ཡན་ལག་དུམ་བུར་ཆོད། །པགས་པ་ཤུས་ལ་དོན་སྙིང་དང་༑ །ཤ་ཁྲག་ནང་ཁྲོལ་རི་ལྟར་སྤུངས། །མཐུ་སྟོབས་དབང་བསྒྱུར་དགྲ་ལྷའི་རྒྱལ། །འཇམ་མགོན་བསྟན་སྲུང་ཤུགས་ལྡན་རྩལ། །རིག་ལྔ་འཁོར་དང་བཅས་པ་རྣམས། །གནམ་ས་ལྟ་བུའི་ཞལ་གདོངས་ལ། །གངས་རི་ལྟ་བུའི་མཆེ་བ་གཙིགས། །གློག་དམར་ལྟ་བུའི་ལྗགས་བརྐྱངས་ཏེ། །ཤ་ཟོ་ཁྲག་འཐུང་རུས་པ་མུར། །གནོད་བྱེད་དམ་ཉམས་དགྲ་བགེགས་ཀྱི། །མིང་ཙམ་བརྡ་ཙམ་ལ་སོགས་པའི། །ཐ་སྙད་ཙམ་ཡང་མི་གྲགས་པར། །དྲག་པོའི་ཆད་པས་ཚར་ཆོད་ཅིག །ལོ་དང་ཟླ་བར་མ་བཞག་ཅིག །ཞག་དང་ཟ་མར་མ་འགྱངས་པར། །ད་ལྟ་ཉིད་དུ་མྱུར་སྒྲོལ་ལ། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས། །བཅོལ་བའི་ལས་འདི་མ་བགྱིས་ན། །སྔོན་གྱི་ཐ་ཚིག་ཉམས་པར་འགྱུར། །འདྲིས་ཤིང་འགྲོགས་པའི་ཁྲེལ་ཀྱང་བོར། །མཆོད་གཏོར་ཕུལ་བ་ཆུད་རེ་ཟོས། །བསྟན་སྲུང་ཁྲོད་ན་ངོ་རེ་གནོང་། །རྣལ་འབྱོར་རེ་བ་སུན་ཡང་ཕྱུང་། །དེ་བས་ཡལ་ཡོལ་མ་མཛད་པར༑ །བཅོལ་བའི་འཕྲིན་ལས་བསྒྲུབ་པར་མཛོད། །དྲག་བསྐུལ་འདི་ཤིན་ཏུ་བཀའ་གཉན་པས་དོ་གལ་ཆེ་སྐབས་མ་གཏོགས་མི་གཏོང་། འདི་རྒྱལ་ཆེན་སྐུ་དངོས་སུ་གྲགས་པ་སྨྱུང་གནས་བླ་མ་རིན་པོ་ཆེ་ཡེ་ཤེས་བཟང་པོས་མཛད་པའོ། །དེ་ནས་བཟློག་པ་ནི། ཧཱུཾ༑ ཁྲོ་གཏུམ་མི་བཟད་རྡོ་རྗེ་ཤུགས་ལྡན་རྩལ། །རིགས་ལྔ་འཁོར་ཚོགས་དམ་རྫས་མཆོད་གཏོར་བཞེས། །མཐུ་སྟོབས་རྫུ་འཕྲུལ་དཔུང་ཚོགས་རབ་བསྐྱེད་ནས། །རྗེ་བཙུན་བླ་མའི་སྐུ་ཚེའི་འགལ་རྐྱེན་ཟློག །ཐུབ་བསྟན་སྤྱི་དང་འཇམ་མགོན་ཙོང་ཁ་པའི། །རྒྱལ་བསྟན་དར་ཞིང་འཕེལ་བའི་རྐྱེན་ངན་བཟློག །བསྟན་འཛིན་སྤྱི་དང་དགོན་གནས་འདི་ཉིད་ཀྱི། །ཕྱི་ནང་གསང་བའི་འགལ་རྐྱེན་བར་ཆད་བཟློག །བདག་ཅག་ཡོན་མཆོད་མི་ནོར་འཁོར་བཅས་ཀྱི། །སྔོན་ལས་འཕྲལ་རྐྱེན་ནད་རིམས་གདོན་བགེགས་བཟློག །ཉོན་མོངས་བཞི་བརྒྱ་རྩ་བཞི་ལས་བྱུང་བའི། །སྲོག་འཕྲོག་རིགས་ཀྱི་ནད་རིམས་ཐམས་ཅད་བཟློག །ལུས་དང་སེམས་ལ་གནོད་འཚེ་བྱེད་པའི་རིགས། །སྔགས་ནག་བན་བོན་མཐུ་གཏད་མནན་གསུམ་བཟློག །རྫས་སྔགས་ཏིང་འཛིན་ལྡེབ་ཤིང་གྱིམ་ཤང་དང་། །རླུང་འཁོར་མནན་བསྲེག་ཟོར་རྣམས་འཕེན་པ་བཟློག །ཡས་ཀྱི་བདུད་གཡོས་མས་ཀྱི་སྲི་ལངས་པ། །ལོ་སྐེག་ཟླ་སྐེག་ཞག་སྐེག་སྲི་ངན་བཟློག །རྨི་ལྟས་མཚན་ངན་བྱུར་དང་བཀྲ་མི་ཤིས། །གནོད་བྱེད་གདོན་བགེགས་དགྲ་འདྲེའི་གནོད་པ་བཟློག །གློ་བུར་ཡེ་འབྲོག་ཆགས་ཆེ་ཉམ་ང་བ། །རྒྱལ་པོའི་ཆད་པ་ཁ་མཆུ་རྩོད་གླེང་བཟློག །གཟའ་དང་རྒྱུ་སྐར་ཀླུ་ཡི་གནོད་པ་དང་། །བཙན་དང་རྒྱལ་བསེན་སྨྱོ་འབོགས་གཏོང་བ་བཟློག །མ་མོའི་དལ་ཡམས་ཁ་རླངས་གཏོང་བ་དང་། །བདུད་ཀྱི་ཁྲམ་ཤིང་ཞགས་པ་འདེབས་པ་བཟློག །འབྱུང་པོ་གཤིན་རྗེའི་འཁོར་ལོ་བསྐོར་བ་དང་༑ །བདུད་རིགས་ཕུང་འགོང་དམ་སྲིའི་གནོད་པ་བཟློག །མདོར་ན་བདག་ཅག་ཡོན་མཆོད་འཁོར་བཅས་ལ། །སྔོན་ཚེ་སྨོན་ལམ་ལོག་པའི་དགྲ་འདྲེ་བྷྱོཿ ཆོ་འཕྲུལ་ངན་པ་སྣ་ཚོགས་རྣམས་ལ་བྷྱོཿ མི་མཐུན་ཕྱོགས་ཀུན་དགྲ་བགེགས་སྟེང་དུ་བྷྱོཿ རྡོ་རྗེ་ཤུགས་ལྡན་རིགས་ལྔ་འཁོར་ཚོགས་ཀྱིས། །འདི་དག་བཟློག་ཅིང་བསྒྱུར་བའི་འཕྲིན་ལས་མཛོད། །ཧཱུཾ༑ མཐུན་པའི་དངོས་གྲུབ་མ་ལུས་པ། །དེང་འདིར་བདག་ལ་སྩལ་དུ་གསོལ། །འཁོར་དང་བསྟན་པ་ལོངས་སྤྱོད་རྣམས། །རྒྱས་པར་མཛོད་ཅིག་ཤུགས་ལྡན་རྩལ།།  རྒྱལ་ཆེན་རྡོ་རྗེའི་མཚན་ཅན་གྱི་བསྐང་གསོའི་སྐབས་གཤེགས་གཏོར་འབུལ་བར་འདོད་ན། གསར་དུ་བཟོས་པའི་འདིར་གཤེགས་རྒྱན་གྱི་གཏོར་མ་ཟུར་གསུམ་དཀར་རྒྱན་ཅན། ཤ་ཁྲག་དམར་གྱི་གཏོར་མ་ཟུར་གསུམ་ཤ་ཁྲག་གིས་བརྒྱན་པ། ཛམྦུ་ཏི་བའི་ཞལ་ཟས་ནོར་བུ་འབར་བའི་དབྱིབས་ཅན་རྒྱན་ལྡན། རཀྟ་བཟང་དྲུག་དང་རིན་པོ་ཆེའི་ཕྱེ་མ་བདུད་རྩི་རིལ་བུ་བཏབ་པའི་སྨན་རཀ །ཆང་ལ་དེ་དག་བཏབ་པའི་ཛ་གད། ཇ་དྭངས་ལ་གསེར་གཡུ་དང་སྨན་བཏབ་པའི་གསེར་སྐྱེམས་ཏེ་བཟའ་བ་གསུམ་དང་བཏུང་བ་གསུམ། ཆུ་གཉིས་ཉེར་སྤྱོད། ནང་མཆོད་བཅས་ཐོག་ཁ་ལྟ་བུ་བླ་གབ་མེད་པའི་གནས་སུ་ལེགས་པར་བསྒྲིགས་ཏེ་བྱིན་གྱིས་བརླབ༑ སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ལ།   རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། གར་བཞུགས་རྡོ་རྗེའི་ཕོ་བྲང་ནས་སྤྲུལ་པའི་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས་བར་མོས་ལ། ཀྱཻ། རབ་འབྱམས་རྒྱལ་བའི་འཕྲིན་ལས་བསྒྲུབ་པའི་ཕྱིར། །རབ་གཏུམ་སྣང་སྲིད་དྲེགས་པའི་སྡེ་དཔོན་དུ། །རབ་བཞེངས་རྒྱལ་ཆེན་རིགས་ལྔ་འཁོར་བཅས་རྣམས། །རབ་དཀར་དང་པའི་སེམས་ཀྱིས་སྤྱན་འདྲེན་གཤེགས། །རྣམ་དག་རང་བཞིན་འོད་གསལ་ཞིང་ཁམས་འདིར། །རྣམ་མང་མཆོད་སྤྲིན་རྒྱ་མཚོ་གཏིབས་པའི་དབུས། །རྣམ་མཁྱེན་རྒྱལ་བའི་བསྟན་སྲུང་དབང་པོ་ཁྱོད། །རྣམ་སྤྲུལ་དུ་མའི་འཁོར་བཅས་བཞུགས་སུ་གསོལ། །རྣམ་དཀར་ཐུགས་བསྐྱེད་བཟང་པོའི་རྗེས་འགྲོ་ལྟར༑ །རྣམ་མང་ཕྱི་ནང་གསང་བའི་མཆོད་སྤྲིན་འདིས། །རྣམ་དག་ཏིང་འཛིན་སྔགས་རྒྱས་བྱིན་བརླབས་ནས། །རྣམ་སྤྲུལ་དཔག་མེད་སྲུང་མ་འཁོར་བཅས་མཆོད། །ཁ་དོག་དྲི་རོ་ནུས་པ་ཕུན་ཚོགས་ཀྱི། །ཤ་ཁྲག་གཏོར་ཚོགས་སྐྱེམས་ཆང་རྒྱ་མཚོའི་ཚོགས། །དངོས་བཤམས་ཡིད་སྤྲུལ་ནམ་མཁའི་མཐའ་ཀླས་པ། །རྒྱལ་ཆེན་འཁོར་བཅས་དགྱེས་བཞིན་བཞེས་སུ་གསོལ། །དེ་ནས། བསྟན་སྲུང་རྒྱལ་པོ་ཆེན་པོ་རྡོ་རྗེ་ཤུགས་ལྡན་རིགས་ལྔ་དྲག་པོ་རྩལ་འཁོར་དང་བཅས་པ་རྣམས་ཀྱི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་དུ་གྱུར་པས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར་པར་བསམ། ཨོཾ་དྷརྨཱ་པཱ་ལ་མཧཱ་རཱ་ཛ་བཛྲ་བེ་ག་ཝན་རུ་དྲཿཔཉྩ་ཀུ་ལ་ས་པ་རི་ཝཱ་ར་སརྦ་བིགྷྣན་ཤ་ཏྲུཾ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལན་གསུམ་གྱིས་གཙོ་བོ་ལ་ཕུལ། འཁོར་རྣམས་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨཱདྱ་ནུཏྤནྣ་ཏྭད། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། ལན་གསུམ། ཨོཾ་དྷརྨཱ་པཱ་ལ་མཧཱ་རཱ་ཛ་བཛྲ་བེ་ག་ཝན་རུ་དྲཿཔཉྩ་ཀཱུ་ལ་ས་པ་རི་ཝཱ་ར་ཨརྒྷཾ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝིདྱཱ། ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཨོཾ་དྷརྨཱ་པཱ་ལ་མཧཱ་རཱ་ཛ་བཛྲ་བེ་ག་ཝན་རུ་དྲཿཔཉྩ་ཀཱུ་ལ་ཨོཾ་ཨཱཿཧཱུཾ། གིས་ནང་མཆོད་འབུལ། གཞི་བདག་གཏོར་མ་བསྔོ། དེ་ནས་སྤྱི་བསྟབ་བྱ་བ་ནི།  ཧཱུཾ༑ རྒྱལ་བ་ཀུན་དངོས་འཇམ་མགོན་ཙོང་ཁ་པའི། །བསྟན་སྲུང་མཐུ་ལྡན་དགྲ་ལྷ་ཡོངས་ཀྱི་གཙོ། །རབ་འཇིགས་རྡོ་རྗེ་ཤུགས་ལྡན་དྲག་པོ་རྩལ། །ལས་བཞིའི་དངོས་གྲུབ་གཏེར་མཛོད་རིགས་ལྔའི་ཚོགས། །མཛེས་སྡུག་ཡུམ་དགུ་སྣ་འདྲེན་དགེ་སློང་བརྒྱད། །ལས་མཁན་གཏུམ་པའི་སྟག་ཤར་བཅུ་ལ་སོགས། །ཁྱོད་ཀྱི་བཀའ་སྡོད་གཟའ་བདུད་པེ་ཧར་དང་། །དྲེགས་པ་སྡེ་བརྒྱད་མ་མོ་གཤིན་རྗེའི་ཚོགས། །རུ་འདྲེན་ལ་སོགས་ཡུལ་ལྷ་གཞི་བདག་བཅས། །བཀའ་བསྒོས་དམ་ལ་བཞག་པའི་ཐ་ཚིག་བཞིན། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ཤིག །ཛམྦུ་ཏི་བའི་ཞལ་ཟས་འདི་བཞེས་ཤིག །སྨན་རག་ཕུད་ཀྱི་མཆོད་པ་འདི་བཞེས་ཤིག །ཛ་གད་དཔའ་བོའི་སྨན་ཕུད་འདི་བཞེས་ཤིག །གཙང་མ་ཕུད་ཀྱི་གསེར་སྐྱེམས་འདི་བཞེས་ཤིག །གསོལ་ལོ་མཆོད་དོ་རྒྱལ་ཆེན་རིགས་ལྔ་མཆོད། །འཇམ་མགོན་བསྟན་སྲུང་དབང་པོ་འཁོར་བཅས་མཆོད། །ཆོས་འཁོར་ཡོངས་ཀྱི་སྲུང་མ་འཁོར་བཅས་མཆོད། །བསྟན་འཛིན་སྐྱེས་བུའི་དཔུང་གཉེན་འཁོར་བཅས་མཆོད། །རྣལ་འབྱོར་སྐྱོང་བའི་གཉེན་གཅིག་འཁོར་བཅས་མཆོད། །སྐྱེ་འགྲོའི་བདེ་སྐྱིད་འབྱུང་གནས་འཁོར་བཅས་མཆོད། །སྣང་སྲིད་དྲེགས་པའི་སྡེ་དཔོན་འཁོར་བཅས་མཆོད། །དགྲ་བགེགས་སྲོག་གི་གཤེད་མ་འཁོར་བཅས་མཆོད། །སྔར་བཅོལ་ལེགས་པའི་གཏང་རག་གཉན་པོར་གཏོང་། །ད་བཅོལ་ལས་ཀྱི་གསོལ་འདེབས་གཉན་པོར་འབུལ། །བློ་བཟང་རྒྱལ་བའི་བསྟན་འདི་ཁྱོད་ཀྱིས་སྐྱོངས། །དཀོན་མཆོག་གསུམ་གྱི་དབུ་འཕང་ཁྱོད་ཀྱིས་བསྟོད། །བསྟན་འཛིན་སྐྱེས་བུའི་འཕྲིན་ལས་ཁྱོད་ཀྱིས་སྒྲུབས། །འཇིག་རྟེན་སྤྱི་དང་ཁྱད་པར་བོད་ཡུལ་འདིར། །ནད་དང་དམག་འཁྲུགས་མུ་གེ་ཞི་བར་མཛོད། །ཆར་ཆུ་དུས་འབེབས་ལོ་ཕྱུགས་རྟག་ཏུ་ལེགས། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་མཛོད། །བདག་ཅག་ཡོན་མཆོད་འགལ་རྐྱེན་བར་ཆད་ཀུན། །ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །འདོད་དགུའི་ཡོ་བྱད་མ་ལུས་ཁྱོད་ཀྱིས་སྒྲུབ། །བསམ་པའི་དོན་ཀུན་འབད་མེད་ཁྱོད་ཀྱིས་སྒྲུབས། །ཞིང་བཅུའི་དགྲ་བགེགས་མ་ལུས་ཁྱོད་ཀྱིས་སྒྲོལ། །བསྟན་པ་རྒྱས་པའི་ལས་འདི་ཁྱོད་ཀྱིས་སྒྲུབས། །བཅོལ་བའི་འཕྲིན་ལས་མ་ལུས་སྒྲུབ་པར་མཛོད། ཅེས་སྤྱི་བསྟབ་བྱ། གཏོར་མའི་ཕུད་ནས་བཅད་དེ་ནམ་མཁར་གཏོར། སྨན་རཀ་དང་གསེར་སྐྱེམས་ཀྱི་ཕུད་ཀྱང་འཐོར། ལྷག་མ་དངོས་གྲུབ་ཀྱི་ཚུལ་དུ་ནང་དུ་བསྡུ། སླར་ཡང་། ༜ ཨོཾ་དྷརྨཱ་པཱ་ལ་མཧཱ་རཱ་ཛ་བཛྲ་བེ་ག་ཝན་རུ་དྲ་པཉྩ་ཀཱུ་ལ་ས་པ་རི་ཝཱ་རེ་ཨརྒྷཾ་སོགས་དང་སྔགས་དེ་ལ་འབྲུ་གསུམ་བཏགས་པའི་ ༜ ཕྱི་ནང་གི་མཆོད་པས་མཆོད། གང་ཞིག་དྲན་པ་ཙམ་གྱིས་ཕྱི་ནང་གི །བར་ཆད་ཀུན་སེལ་ལས་བཞིའི་འཕྲིན་ལས་རྣམས། །སྩོལ་མཛད་རྒྱལ་ཆེན་ཤུགས་ལྡན་རིགས་ལྔ་རྩལ། །བསྟན་སྲུང་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་པ་བྱ། ༸དེ་ནས་མངའ་གསོལ་སོགས་མཇུག་གི་རིམ་པ་རྣམས་བསྐང་ཆོག་གཞུང་ལྟར་བྱའོ།། ༈  དེ་ནས་མངའ་གསོལ་ནི། སྤྲོ་ན། དཔོན་སློབ་རྣམས་ཞྭ་གྱོན། ཕྱི་རོལ་ཏུ་བསངས་ཀྱི་དུད་སྤྲིན་དང་བཅས། ཧཱུཾ༑ སྣང་གྲག་རིག་གསུམ་ལྷ་སྔགས་ཆོས་སྐུ་རུ། །ཤར་པའི་རྣལ་འབྱོར་བདག་སོགས་འཁོར་བཅས་ཀྱིས། །དེ་ཉིད་རིག་པའི་སྒོ་ནས་ལྷ་མཆོག་ཁྱོད། །དྲང་ངེས་རྡོ་རྗེ་འཆང་དུ་མངའ་གསོལ་ལོ། །བླང་དོར་ལེགས་ལམ་སྟོན་པའི་བླ་མ་དང་། །མཆོག་ཐུན་དངོས་གྲུབ་སྩོལ་མཛད་ཡི་དམ་ལྷ། །འཕྲིན་ལས་བཞི་ཡི་གྲོགས་མཛད་བསྟན་སྲུང་མཆོག །བླ་མ་ལྷ་སྲུང་འདུས་སྐུར་མངའ་གསོལ་ལོ། །དབང་ཕྱུག་བརྒྱད་ལྡན་དགའ་ལྡན་རིང་ལུགས་པའི། །མངའ་ཐང་ཆབ་སྲིད་སྤེལ་བ་གང་སུ་དག །བསམ་དོན་ཞི་དྲག་བྱ་བ་གང་བརྩམས་ཀྱང་། །བདེ་བླག་འགྲུབ་མཛད་སྲུང་མར་མངའ་གསོལ་ལོ། །ཐུབ་བསྟན་ཁུར་ཐེག་བླ་སྤྲུལ་བཤེས་གཉེན་རྣམས། །གང་ལ་བརྟེན་ན་སྐུ་ཚེ་དཔལ་འབྱོར་སྟོབས། །བློ་བཟང་རྒྱལ་བསྟན་བྱ་བ་རླབས་པོ་ཆེ། །འགྲུབ་ངེས་དབང་སྡུད་ལྷག་ལྷར་མངའ་གསོལ་ལོ། །དགའ་ལྡན་ལུགས་འཛིན་འདུས་སྡེ་གང་ན་ཡང་། །ཁྱོད་བརྟེན་ཁྱོད་མཆོད་འདུལ་ཁྲིམས་ངང་གིས་གཙང་། །མང་ཐོས་གདམས་པར་ཤར་བའི་བཤད་སྒྲུབ་འཕེལ། །ལྟ་སྤྱོད་གཙང་མའི་སྲུང་མར་མངའ་གསོལ་ལོ། །དམ་ཚིག་གཙང་མའི་རྫས་དང་ཡོ་བྱད་ཀྱིས། །རྒྱལ་ཆེན་ཐུགས་དམ་དགྱེས་པ་སྐོང་བྱེད་ན། །རིགས་རྒྱུད་མངའ་ཐང་ཚོང་སྤོག་མི་ཕྱུགས་དར། །ནོར་ལྷ་ཡིད་བཞིན་ནོར་བུར་མངའ་གསོལ་ལོ། །སྡེ་བརྒྱད་གཞི་བདག་མཐུ་ཅན་ཐམས་ཅད་ཀྱི། །ལས་བཞིའི་འཕྲིན་ལས་མ་ལུས་ལྷ་ཁྱོད་ཀྱིས། །འོད་ཟེར་འཕྲོ་ཙམ་མོད་ལ་མྱུར་འགྲུབ་ཕྱིར། །འགོ་བའི་ལྷ་སྲུང་འདུས་སྐུར་མངའ་གསོལ་ཞིང་། །བདག་ཅག་དཔོན་སློབ་མི་ནོར་ཕྱི་ནང་རྫས༑ །ཀུན་གྱི་གཉེར་གཏད་སྲུང་མར་མངའ་གསོལ་ན། །དེང་ནས་བྱང་ཆུབ་སྙིང་པོ་མ་ཐོབ་བར། །ལས་བཞིའི་འཕྲིན་ལས་སྒྲུབ་ལ་མ་གཡེལ་ཞིག །མངའ་གསོལ་བ་འདི་སྐལ་བཟང་མཁས་གྲུབ་རིན་པོ་ཆེའི་གསུང་ལ་ཅུང་ཟད་བཅོས་པའོ། །དེ་ནས་གཏང་རག་གི་མཆོད་བསྟོད་བྱས་ལ། ལྷག་ཆད་ཀྱི་ཉེས་པ་བསྐང་ཕྱིར་ཡིག་བརྒྱ་དང་བཟོད་གསོལ་ནན་ཏན་བྱ། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་སུ་གསོལ༑ ཉེར་བསྡུ་སྨོན་ཤིས་སོགས་མཇུག་ཆོག་རྣམས་སྤྱི་འགྲོ་ལྟར་བྱའོ། །མཆོད་གཏོར་འབུལ་བ་པོའང་གང་བྱུང་གིས་མི་ཆོག་པར་རྗེ་བླ་མའི་དགོངས་པ་ཇི་ལྟ་བ་བཞིན་གྱི་ལྟ་སྤྱོད་གཙང་ཞིང་མདོ་སྔགས་ཀྱི་ལམ་ལ་རྣམ་དཔྱོད་ཡངས་པའི་བསྙེན་སོང་རི་བོ་དགེ་ལུགས་པའི་མཚན་ཉིད་ཚང་བ། རྗེའི་བསྟན་པ་བསྲུང་བའི་བསྟན་སྲུང་ཐུན་མོང་མ་ཡིན་པ་འདི་ལ་རྒྱུ་མཚན་ཤེས་པའི་དག་སྣང་ཅན་ཞིག་ངེས་པར་དགོས་ལ་ཞེས་དང་། གསང་བའི་སྒོ་ནས་གཞན་ལ་མི་མངོན་པར་བློ་ཉེ་ཙམ་ལའང་འདིའི་སྒྲོས་ཙམ་ཡང་མི་བྱེད་པར་བྱ་བ་གལ་ཆེ་ཞིང་ལས་མྱུར་དུ་འགྲུབ་པ་སོགས་དགོས་པ་ཆེའོ། །ཞེས་དྭགས་པོ་སྐལ་བཟང་མཁས་གྲུབ་རིན་པོ་ཆེས་གསུངས་པ་གནད་ཆེའོ། །སྨྲས་པ། ས་འདིར་ལམ་དང་ལམ་མིན་སྣ་ཚོགས་ལུགས། །རང་རང་ལུགས་འདི་མཆོག་སྙམ་རློམ་ཞེན་ཡང་། །འགའ་ཞིག་མངོན་མཐོ་ཙམ་གྱི་སྐལ་བའང་ཕྲ། །ལ་ལ་དམན་པའི་ཞི་བ་ཙམ་ཡང་བྲལ། །ཕལ་ཆེར་ཕྱོགས་ལྷུང་ཞེན་པའི་ཁ་ཕོ་ཡིས། །ཡང་དག་ལམ་བཟང་རྙེད་པའི་སྐལ་བས་ཕོངས། །གྲུབ་པའི་སྙིང་པོ་ཆུ་ཤིང་སྤུན་ཟླ་བཞིན། །འདི་དག་རང་གི་བསོད་ནམས་དམན་པའི་སྐྱོན༑ །ཐུབ་པ་མཆོག་གིས་གྲངས་མེད་བསྐལ་པ་རུ། །བསྒྲུབས་པའི་དམ་ཆོས་མདོ་རྒྱུད་དགོངས་འགྲེལ་བཅས། །ཇི་བཞིན་གང་ཟག་གཅིག་གི་ཉམས་ལེན་དུ། །འདོམས་པ་དགའ་ལྡན་བཀའ་བརྒྱུད་འདི་ཁོ་ན། །ལྟ་སྒོམ་སྤྱོད་པའི་ཁྱད་པར་ལྷག་པ་དང་། །ཤིང་རྟ་ཆེན་པོའི་གཞུང་སྲོལ་འཛིན་པ་དང་། །གསུང་རབ་གདམས་པར་ཤར་བའི་ཁྱད་ཆོས་རྣམས༑ །ལུགས་བཟང་འདི་ལས་གཞན་དུ་རྙེད་པར་དཀའ། །མདོ་སྔགས་ཟབ་བཅུད་ཚང་ལ་མ་ནོར་བར། །འཇམ་དབྱངས་ཞལ་གྱི་བདུད་རྩིས་བྲན་པ་འདིས། །ཟུང་འཇུག་གོ་འཕང་མྱུར་ལས་ཆེས་མྱུར་བར། །སྦྱིན་པ་ལུགས་འདིའི་ཁྱད་ཆོས་བླ་མེད་ཉིད། །གྲོགས་དག་ལུགས་བཟང་ཀུན་གྱི་ཡང་རྩེའི་ཕུལ། །རྙེད་ནས་ཚུལ་བཞིན་སྒྲུབ་ཏུ་ཡོད་པ་འདི། །ཚངས་དབང་འཁོར་བསྒྱུར་སར་གནས་སེམས་དཔས་ཀྱང་། །རྙེད་མིན་བསོད་ནམས་ཕུལ་གྱི་སྐལ་བཟང་ཉིད། །དེ་ལྟའི་ལུགས་མཆོག་འགྲོ་བའི་དཔལ་ཡོན་དུ། །སྲུང་དང་ཚུལ་བཞིན་སྒྲུབ་པའི་གཉེར་ཁ་བ། །བསྟན་སྲུང་བྱེ་བའི་ཁྲོད་ནས་རྣོ་མྱུར་གྱི། །འཕྲིན་ལས་ཁྱད་པར་འཕགས་པ་འདི་ཁོ་ན། །དེ་ཕྱིར་དེ་ཉིད་བསྐང་ཞིང་སྐུལ་བྱེད་པ། །བློ་བཟང་བསྟན་པའི་དཔལ་དུ་ཆེས་མཁོ་ཕྱིར། །ཁོ་བོས་ངལ་བས་བསྒྲུབས་འདི་དགེ་ལྡན་གྱི། །རིང་ལུགས་ཕྱོགས་ཀུན་སྲུང་བའི་དཔལ་གྱུར་ཅིག །བསྟན་སྲུང་ཆེན་པོ་ཉིད་ཀྱང་རབ་དགྱེས་པས། །ཚེ་རབས་ལུས་དང་གྲིབ་མར་མི་འབྲལ་བར། །རྫོགས་བྱང་སྒྲུབ་པའི་འགལ་རྐྱེན་སེལ་བ་དང་། །མཐུན་རྐྱེན་སྒྲུབ་ལ་ནམ་ཡང་མི་གཡེལ་ཤོག  ཅེས་དགེ་ལྡན་བསྟན་སྲུང་དགྲ་ལྷའི་རྒྱལ་པོ། སྲིད་གསུམ་སྐྱེ་དགུའི་སྲོག་བདག །དམ་ལྡན་བུ་བཞིན་སྐྱོང་བའི་ལྷ་མཆོག་སྤྲུལ་པའི་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་རིགས་ལྔ་དྲག་པོ་རྩལ་གྱི་སྒེར་བསྐང་རྒྱས་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་རྔ་དབྱངས་ཞེས་བྱ་བ་འདི་ནི། གཞོན་ནུའི་དུས་ནས་བསྟན་སྲུང་ཉིད་ཀྱིས་ལུས་དང་གྲིབ་མ་བཞིན་དུ་བརྩེ་བས་བསྐྱངས་པའི་བཙུན་གཟུགས་ཕ་བོང་ཁ་པ་བྱམས་པ་བསྟན་འཛིན་འཕྲིན་ལས་རྒྱ་མཚོས་བསྟན་སྲུང་ཆེན་པོ་རང་ཉིད་ཀྱིས་བསྐུལ་མ་ཉི་ལྟར་མཛད་པ་སྙིང་དུ་བཟུང་། དམ་པ་གོང་མ་དག་གིས་མཛད་པའི་བསྐང་ཆོག་བྱིན་རླབས་ཅན་མང་དུ་བཞུགས་ཀྱང་། དགེ་ལྡན་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྫོགས་པར་སྦྱར་བ་ཞིག་མི་སྣང་བར་བརྟེན། རང་ཉིད་ཀྱང་རྩོམ་པའི་སྤྲོ་བ་ཤིན་ཏུ་བཏེགས་ཏེ། རབ་ཚེས་ཤིང་གླང་ནག་ཟླའི་ཡར་ཚེས་བཟང་པོར་དབུ་བཙུགས་ཏེ་ནག་སོག་གི་ལམ་སྒར་དུ་འཕྲོ་མཐུད་བཞིན་སྤྱན་འདྲེན་མཚམས་སུ་སླེབས་པ་དང་། སོག་ཤོད་དགའ་ལྡན་འཕེལ་རྒྱས་གླིང་དུ་བསྟན་སྲུང་འདིའི་མགོན་ཁང་གསར་འཛུགས་དུ་བསྐྱོད་དགོས་བྱུང་བ་རྟེན་འབྲེལ་མ་བསྒྲིགས་ལྷུན་གྲུབ་ཏུ་འཛོམ་ཞིང་། དེ་ཉིད་ཆོས་སྐྱོང་ཆེན་པོ་ཉིད་ཀྱང་དགོན་འགྲམ་དུ་བསུ་བར་ཕེབས་པའི་མཚན་མ་གསལ་བར་བྱུང་ལ། སྣང་བརྙན་གསར་འཛུགས་མ་ཟིན་པའི་བར་ལ་དགུན་དུས་ཉལ་བའི་གཅན་གཟན་ཡང་མི་ཉལ་བར་དགོན་འགྲམ་དུ་རྒྱུ་ཞིང་མི་ཕྱུགས་དུ་མར་གཙེས་པ་སོགས་ཆོ་འཕྲུལ་འཇིགས་རྔམ་ཆེ་བ་མང་དུ་བྱུང་བ་ལས། རྟེན་བཞེངས་དང་བསྐང་བ་གསར་འཛུགས་ཀྱི་ཉིན་ཉིད་ནས་ཆོ་འཕྲུལ་རྣམས་རང་ཞིར་གྱུར་པ་སོགས་ཡ་མཚན་ཆེ་བའི་མཚན་མ་དུ་མ་བྱུང་བ་ལ་བརྟེན་ནས་སྤྲོ་བ་ཇེ་འཕེལ་དུ་གྱུར་ཏེ། སླར་ནགས་ཤོད་སྒྲུབ་སྡེ་དགེ་ལྡན་ལུགས་བཟང་ཀུན་འཕེལ་གླིང་དུ་སྔར་གྱི་འཕྲོ་ནས་བརྩམས་ཏེ་མཇུག་མེ་སྟག་ནག་ཟླའི་ཡར་ཚེས་ཀྱི་ཚེས་བཅུར་རྫོགས་པར་བསྒྲིགས་པའི་ཡི་གེ་པ་ནི་བྱ་བྲལ་སྒྲུབ་པའི་རྒྱལ་མཚན་འཛིན་པ་ཞྭ་སྒབ་ཆོས་མཛད་ཐུབ་བསྟན་དབང་རྒྱལ་གྱིས་བགྱིས་པ་འགྲོ་དོན་རྒྱ་ཆེར་འཕེལ་བར་གྱུར་ཅིག།    ༄། །ལྷ་མཆོག་སྤྲུལ་པའི་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་རྩལ་ལ་ཚོགས་མཆོད་འབུལ་བའི་རིམ་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ།། ༈ གཉིས་སྣང་དགྲ་བགེགས་བདེ་ཆེན་རྡོཾ་རྗེཾ་ཡིས། །དམིགས་མེད་དབྱིངས་སུ་བསྒྲལ་བའི་རྔམས་བརྗིད་གར། །དཔའ་ཆེན་བྱེ་བའི་ཤུགས་སུ་རྫོགས་པ་ཡི། །ལྷ་མཆོག་ཁྱོད་ཀྱིས་ཆོས་ལྡན་བུ་བཞིན་སྐྱོངས། །ལྷ་ཁྱོད་ཐུགས་དམ་དགྱེས་པར་སྐོང་བྱེད་པའི། །བདེ་ཆེན་ཚོགས་ཀྱི་འཁོར་ལོའི་མཆོད་པ་ཡི། །ཆོག་སྒྲིགས་སྔོན་མེད་དགའ་སྟོན་འདིར་སྤྲོ་ན། །ལས་བཞིའི་དངོས་གྲུབ་ཆར་དུ་སྙིལ་བར་མཛོད༑ །འདིར་དགེ་ལྡན་བསྟན་སྲུང་ཀུན་གྱི་ཐུ་བོ་རྣོ་མྱུར་རྡོ་རྗེའི་ཐོག་རྒོད་ལྷ་མཆོག་སྤྲུལ་པའི་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་རྩལ་གཙོ་འཁོར་ལ་ཚོགས་མཆོད་འབུལ་བར་སྤྲོ་ན། ཚོགས་གཏོར། བཱ་ལ། མ་དཱ་ན་སོགས་འདོན་ཡོན་གྱི་མཆོད་པའི་བྱེ་བྲག་ཅི་འབྱོར་བར་བཤམས་ལ། བྱིན་གྱིས་བརླབ་པ་ནི། ཧྲཱིཿཥྚཱིཿས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ལྟ་བུ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་ཨཱཿལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨཱཿལས་བྱུང་བའི་ཐོད་པ་དཀར་པོ༑ དེའི་ནང་གི་ཤར་དུ་བྷྲུཾ་ལས་བྱུང་བའི་བ་ལང་གི་ཤ་གོས་མཚན་པ། ལྷོར་ཨཾ་ལས་བྱུང་བའི་ཁྱིའི་ཤ་ཀུས་མཚན་པ། ནུབ་ཏུ་ཛིཾ་ལས་བྱུང་བའི་གླང་པོ་ཆེའི་ཤ་དས་མཚན་པ༑ བྱང་དུ་ཁཾ་ལས་བྱུང་རྟའི་ཤ་ཧས་མཚན་པ། དབུས་སུ་ཧཱུྃ་ལས་བྱུང་བའི་མིའི་ཤ་ནས་མཚན་པ། ཤར་ལྷོར་ལཾ་ལས་བྱུང་བའི་དྲི་ཆེན་བིས་མཚན་པ། ལྷོ་ནུབ་ཏུ་མཱཾ་ལས་བྱུང་བའི་རཀྟ་རས་མཚན་པ། ནུབ་བྱང་ཏུ་པཾ་ལས་བྱུང་བའི་བྱང་སེམས་དཀར་པོ་ཤུས་མཚན་པ། བྱང་ཤར་དུ་ཏཱཾ་ལས་བྱུང་བའི་རྐང་མར་མས་མཚན་པ། དབུས་སུ་བཾ་ལས་བྱུང་བའ་ིདྲི་ཆུ་མཱུས་མཚན་པ། དེ་དག་གི་སྟེང་དུ་ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུྃ་སྔོན་པོ་གསུམ་སྟེང་ནས་སྟེང་དུ་བརྩེགས་པར་གྱུར། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས༑ རླུང་ལ་ཕོག་པས་རླུང་གཡོས་མེ་སྦར་ཏེ་ཐོད་པའི་རྫས་རྣམས་ཞུ་ཞིང་ཁོལ་བར་གྱུར། ཡི་གེ་གསུམ་ལས་འོད་ཟེར་རིམ་པ་བཞིན་དུ་འཕྲོས་པས། སྐུ་རྡོ་རྗེ་གསུང་རྡོ་རྗེ་ཐུགས་རྡོ་རྗེ་རྣམས་བཀུག་ནས་ཡི་གེ་གསུམ་ལ་རིམ་གྱིས་ཐིམ་པ་རྣམས་ཐོད་པར་ལྷུང་ནས་ཞུ་བས། ཧཱུྃ་གིས་ཁ་དོག་དྲི་ནུས་ཀྱི་སྐྱོན་སྦྱངས། ཨཱཿས་བདུད་རྩིར་རྟོགས་པར་བྱས། ཨོཾ་གྱིས་མང་པོར་སྦར་ཞིང་སྤེལ་བར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ།  ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོ། བཛྲ་སྥ་ར་ཎ་ཁཾ།  ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ།  ཨོཾ་སྭ་བྷཱ་ཝ་བི་ཤུདྡྷེ་དྷརྨཱཿཏེ་བཛྲ་སིདྡྷི་ཧཱུྃ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་ཧཱུྃ་ཕཊ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱ་དྱ་ནུུཏྤན་ན་ཏྭད། ན་མཿསརྦ་ཏ་ཐཱ་ག་ཏ་ཨཱ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཨོཾ་རུ་རུ་ཕུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནཱི་སརྦ་ཨརྠ་དྷ་ནི་སྭཱ་ཧཱ། ཅེས་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་བྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱི། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བདེན་སྟོབས་བརྗོད་དེ་ངོ་བོ་བདེ་སྟོང་གི་ཡེ་ཤེས་ལ། རྒྱུ་དམ་རྫས་མཆོད་སྤྲིན། དགྲ་བགེགས་ཀྱི་ཤ་ཁྲག །མྱོས་བྱེད། ཚོགས་གཏོར་སོགས་དང་། རྣམ་པ་འདོད་ཡོན་དགྱེས་དགུའི་ལོངས་སྤྱོད་སྤྲིན་ཀྱི་ཕུང་པོ་གཏིབས་པ་ལྟར་གྱུར་པར་བསམས་ལ༑ མགྲོན་སྤྱན་འདྲེན་པ་ནི། ཧཱུཾ༑ རྒྱལ་ཀུན་ཡེ་ཤེས་ཐིག་ལེར་རོ་གཅིག་དབྱིངས། །གང་འདུལ་སྒྱུ་འཕྲུལ་སྤྲིན་དུ་སྒེག་པའི་གར། །རྩ་བརྒྱུད་བླ་མ་ཡི་དམ་མཆོག་གསུམ་ཀུན། །ཚོགས་ཀྱི་མཆོད་པའི་མགྲོན་དུ་གཤེགས་སུ་གསོལ། །སྲིད་གསུམ་དགྲ་བགེགས་གཤེད་མ་སྲོག་གི་བདག །རིག་འཛིན་རྣལ་འབྱོར་དགྲ་ལྷ་མཐུ་བོ་ཆེ། །བདེ་གཤེགས་བསྟན་པའི་བཀའ་ཡི་བྱ་ར་བ། །བསེ་ཡི་ཁྲབ་ཅན་འཁོར་བཅས་གཤེགས་སུ་གསོལ། །སྙིང་སྟོབས་གཞན་གྱིས་བརྣག་མིན་རླབས་ཆེན་ཁུར། །བློ་བཟང་བསྟན་པའི་སྲོག་ཏུ་འཆང་བའི་ཤུགཾས། །མཐུ་ལྡནཾ་བྱེ་བས་བསྒྲུན་མིན་འདུལ་འཛིན་རྗེ། །ཆོས་ཀྱི་རྒྱལ་པོ་འཁོར་བཅས་གཤེགས་སུ་གསོལ། །གཞན་ཡང་བསྟན་སྲུང་དམ་ཅན་རྒྱ་མཚོ་དང་། །གནས་གསུམ་དཔའ་བོ་མཁའ་འགྲོ་ཤུགས་འགྲོའི་ཚོགས༑ །ལན་ཆགས་སྙིང་རྗེའི་མགྲོན་གྱུར་ཀུན་དང་བཅས། །ཚོགས་ཀྱི་མཆོད་པའི་མགྲོན་དུ་གཤེགས་སུ་གསོལ། །ཞེས་མགྲོན་རྣམས་སྤྱན་དྲངས། དེ་ནས་དངོས་སུ་བཤམས་དང་འདོད་ཡོན་ཚོགས་ཀྱི་མཆོད་པའི་བྱེ་བྲག་ཇི་སྙེད་མཆིས་པ་རྣམས་ངོ་བོ་བདེ་སྟོང་གི་ཡེ་ཤེས། རྒྱུ་འདོད་ཡོན་སྣ་ཚོགས་དང་། དགྲ་བགེགས་ཀྱི་ཤ་ཁྲག་སོགས་དགྱེས་དགུའི་དཔལ་ཡོན། རྣམ་པ་འདོད་པའི་ཡོན་ཏན་རྣམ་ལྔའི་མཆོད་སྤྲིན་གྱི་ཡོ་ལང་ཆེན་པོར་གྱུར་པ་མགྲོན་རྣམས་ཀྱིས་དགྱེས་བཞིན་དུ་རོལ་བར་བསམས་ལ། ཧཱུཾ༑ ཕྱི་ནང་གསང་བའི་དམ་རྫས་མཆོད་སྤྲིན་དང་། །དགྲ་བགེགས་ཤ་ཁྲག་མྱོས་བྱེད་ཚོགས་གཏོར་བཅས། །ཟག་མེད་བདུད་རྩི་འདོད་དགུའི་དཔལ་ཡོན་དུ། །བདེ་སྟོང་སྔགས་རྒྱས་བྱིན་བརླབས་ཚོགས་མཆོད་འདི། །དྲིན་ཅན་རྩ་བའི་བླ་མ་མཉེས་ཕྱིར་འབུལ། །བཞེས་ནས་བློ་བཟང་རྒྱལ་བསྟན་དར་ཞིང་རྒྱས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ། །དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཕྱི་ནང་གསང་བའི་དམ་རྫས་མཆོད་སྤྲིན་དང་། །དགྲ་བགེགས་ཤ་ཁྲག་མྱོས་བྱེད་ཚོགས་གཏོར་བཅས། །ཟག་མེད་བདུད་རྩི་འདོད་དགུའི་དཔལ་ཡོན་དུ། །བདེ་སྟོང་སྔགས་རྒྱས་བྱིན་བརླབས་ཚོགས་མཆོད་འདི། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་མཉེས་ཕྱིར་འབུལ། །བཞེས་ནས་བློ་བཟང་རྒྱལ་བསྟན་དར་ཞིང་རྒྱས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ། །མཆོག་ཐུན་དངོས་གྲུབ་འབད་མེད་འགྲུབ་པར་མཛོད། །ཕྱི་ནང་གསང་བའི་དམ་རྫས་མཆོད་སྤྲིན་དང་། །དགྲ་བགེགས་ཤ་ཁྲག་མྱོས་བྱེད་ཚོགས་གཏོར་བཅས། །ཟག་མེད་བདུད་རྩི་འདོད་དགུའི་དཔལ་ཡོན་དུ། །བདེ་སྟོང་སྔགས་རྒྱས་བྱིན་བརླབས་ཚོགས་མཆོད་འདི། །དཀོན་མཆོག་རིན་ཆེན་རྣམ་གསུམ་མཉེས་ཕྱིར་འཕུལ། །བཞེས་ནས་བློ་བཟང་རྒྱལ་བསྟན་དར་ཞིང་རྒྱས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ། །སྲིད་ཞིའི་འཇིགས་ལས་གྲོལ་བའི་དངོས་གྲུབ་སྩོལ། །ཕྱི་ནང་གསང་བའི་དམ་རྫས་མཆོད་སྤྲིན་དང་། །དགྲ་བགེགས་ཤ་ཁྲག་མྱོས་བྱེད་ཚོགས་གཏོར་བཅས། །ཟག་མེད་བདུད་རྩི་འདོད་དགུའི་དཔལ་ཡོན་དུ། །བདེ་སྟོང་སྔགས་རྒྱས་བྱིན་བརླབས་ཚོགས་མཆོད་འདི། །མཁའ་འགྲོ་ཆོས་སྐྱོང་ཚོགས་རྣམས་མཉེས་ཕྱིར་འབུལ། །བཞེས་ནས་བློ་བཟང་རྒྱལ་བསྟན་དར་ཞིང་རྒྱས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ། །བསམ་དོན་ལྷུན་གྱིས་འགྲུབ་པའི་གྲོགས་མཛོད་ཅིག །ཕྱི་ནང་གསང་བའི་དམ་རྫས་མཆོད་སྤྲིན་དང་། །དགྲ་བགེགས་ཤ་ཁྲག་མྱོས་བྱེད་ཚོགས་གཏོར་བཅས། །ཟག་མེད་བདུད་རྩི་འདོད་དགུའི་དཔལ་ཡོན་དུ། །བདེ་སྟོང་སྔགས་རྒྱས་བྱིན་བརླབས་ཚོགས་མཆོད་འདི། །བསྟན་སྲུང་བདེ་ཡི་ཁྲབ་ཅན་མཉེས་ཕྱིར་འབུལ། །བཞེས་ནས་བློ་བཟང་རྒྱལ་བསྟན་དར་ཞིང་རྒྱས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ། །འཕྲིན་ལས་རྣམ་བཞིའི་སྡོང་གྲོགས་གཡེལ་མེད་མཛོད། ཕྱི་ནང་གསང་བའི་དམ་རྫས་མཆོད་སྤྲིན་དང་། །དགྲ་བགེགས་ཤ་ཁྲག་མྱོས་བྱེད་ཚོགས་གཏོར་བཅས། །ཟག་མེད་བདུད་རྩི་འདོད་དགུའི་དཔལ་ཡོན་དུ། །བདེ་སྟོང་སྔགས་རྒྱས་བྱིན་བརླབས་ཚོགས་མཆོད་འདི། །རྒྱལ་ཆེན་རྡོ་རྗེའི་མཚན་ཅན་མཉེས་ཕྱིར་འབུལ། བཞེས་ནས་བློ་བཟང་རྒྱལ་བསྟན་དར་ཞིང་རྒྱས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ། །ཉིན་མཚན་དུས་དྲུག་བསྲུང་སྐྱོབ་མི་གཡེལ་མཛོད། །ཕྱི་ནང་གསང་བའི་དམ་རྫས་མཆོད་སྤྲིན་དང་། །དགྲ་བགེགས་ཤ་ཁྲག་མྱོས་བྱེད་ཚོགས་གཏོར་བཅས། །ཟག་མེད་བདུད་རྩི་འདོད་དགུའི་དཔལ་ཡོན་དུ། །བདེ་སྟོང་སྔགས་རྒྱས་བྱིན་བརླབས་ཚོགས་མཆོད་འདི། །རྒྱལ་ཆེན་སྐུ་ཡི་རྣམ་འགྱུར་རིགས་ལྔར་འབུལ། །བཞེས་ནས་བློ་བཟང་རྒྱལ་བསྟན་དར་ཞིང་རྒྱས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ། །ལས་བཞིའི་འཕྲིན་ལས་རྣོ་མྱུར་རྟགས་ཐོན་མཛོད༑ །ཕྱི་ནང་གསང་བའི་དམ་རྫས་མཆོད་སྤྲིན་དང་། །དགྲ་བགེགས་ཤ་ཁྲག་མྱོས་བྱེད་ཚོགས་གཏོར་བཅས། །ཟག་མེད་བདུད་རྩི་འདོད་དགུའི་དཔལ་ཡོན་དུ། །བདེ་སྟོང་སྔགས་རྒྱས་བྱིན་བརླབས་ཚོགས་མཆོད་འདི། །སྤྱན་སོགས་ངོ་བོ་ཡུམ་ཆེན་བཞི་ལ་འབུལ། །བཞེས་ནས་བློ་བཟང་རྒྱལ་བསྟན་དར་ཞིང་རྒྱས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ། །སྣོད་བཅུད་ཕྱྭ་གཡང་འགུགས་པའི་དགེ་མཚན་སྩོལ། །ཕྱི་ནང་གསང་བའི་དམ་རྫས་མཆོད་སྤྲིན་དང་། །དགྲ་བགེགས་ཤ་ཁྲག་མྱོས་བྱེད་ཚོགས་གཏོར་བཅས༑ །ཟག་མེད་བདུད་རྩི་འདོད་དགུའི་དཔལ་ཡོན་དུ། །བདེ་སྟོང་སྔགས་རྒྱས་བྱིན་བརླབས་ཚོགས་མཆོད་འདི། །གཟུགས་སོགས་རྡོ་རྗེའི་ལྷ་མོ་རྣམ་ལྔར་འབུལ། །བཞེས་ནས་བློ་བཟང་རྒྱལ་བསྟན་དར་ཞིང་རྒྱས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ། །ལྷན་སྐྱེས་བདེ་ཆེན་འདོད་ཡོན་དགའ་སྟོན་སྩོལ། །ཕྱི་ནང་གསང་བའི་དམ་རྫས་མཆོད་སྤྲིན་དང་། །དགྲ་བགེགས་ཤ་ཁྲག་མྱོས་བྱེད་ཚོགས་གཏོར་བཅས། །ཟག་མེད་བདུད་རྩི་འདོད་དགུའི་དཔལ་ཡོན་དུ། །བདེ་སྟོང་སྔགས་རྒྱས་བྱིན་བརླབས་ཚོགས་མཆོད་འདི༑ །སེམས་དཔའི་རང་བཞིན་དགེ་སློང་བརྒྱད་ལ་འབུལ། །བཞེས་ནས་བློ་བཟང་རྒྱལ་བསྟན་དར་ཞིང་རྒྱས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ། །བཤད་སྒྲུབ་ཆོས་སྤྱོད་འཕེལ་བའི་དགའ་སྟོན་སྩོལ། །ཕྱི་ནང་གསང་བའི་དམ་རྫས་མཆོད་སྤྲིན་དང་། །དགྲ་བགེགས་ཤ་ཁྲག་མྱོས་བྱེད་ཚོགས་གཏོར་བཅས༑ །ཟག་མེད་བདུད་རྩི་འདོད་དགུའི་དཔལ་ཡོན་དུ། །བདེ་སྟོང་སྔགས་རྒྱས་བྱིན་བརླབས་ཚོགས་མཆོད་འདི། ཁྲོ་བཅུའི་རྣམ་འགྱུར་སྟག་ཤར་བཅུ་ལ་འབུལ། །བཞེས་ནས་བློ་བཟང་རྒྱལ་བསྟན་དར་ཞིང་རྒྱས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ། །དགྲ་བགེགས་ཕྱེ་མར་འཐག་པའི་ལས་མཛོད་ཅིག །ཕྱི་ནང་གསང་བའི་དམ་རྫས་མཆོད་སྤྲིན་དང་། །དགྲ་བགེགས་ཤ་ཁྲག་མྱོས་བྱེད་ཚོགས་གཏོར་བཅས། །ཟག་མེད་བདུད་རྩི་འདོད་དགུའི་དཔལ་ཡོན་དུ། །བདེ་སྟོང་སྔགས་རྒྱས་བྱིན་བརླབས་ཚོགས་མཆོད་འདི༑ ལས་བྱེད་ཕོ་ཉ་ཁ་ཆེ་དམར་པོར་འབུལ། །བཞེས་ནས་བློ་བཟང་རྒྱལ་བསྟན་དར་ཞིང་རྒྱས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ། །ལེགས་ཉེས་སྟང་འཛིན་ནམ་ཡང་མ་གཡེལ་མཛོད། །ཕྱི་ནང་གསང་བའི་དམ་རྫས་མཆོད་སྤྲིན་དང་། །དགྲ་བགེགས་ཤ་ཁྲག་མྱོས་བྱེད་ཚོགས་གཏོར་བཅས། །ཟག་མེད་བདུད་རྩི་འདོད་དགུའི་དཔལ་ཡོན་དུ། །བདེ་སྟོང་སྔགས་རྒྱས་བྱིན་བརླབས་ཚོགས་མཆོད་འདི། །རྒྱལ་ཆེན་བཀའ་སྡོད་དྲེགས་པའི་ཚོགས་ལ་འབུལ། །བཞེས་ནས་བློ་བཟང་རྒྱལ་བསྟན་དར་ཞིང་རྒྱས༑ །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ། །ཉིན་མཚན་དུས་དྲུག་བྱ་ར་མ་གཡེལ་མཛོད། །ཕྱི་ནང་གསང་བའི་དམ་རྫས་མཆོད་སྤྲིན་དང་། །དགྲ་བགེགས་ཤ་ཁྲག་མྱོས་བྱེད་ཚོགས་གཏོར་བཅས། །ཟག་མེད་བདུད་རྩི་འདོད་དགུའི་དཔལ་ཡོན་དུ། །བདེ་སྟོང་སྔགས་རྒྱས་བྱིན་བརླབས་ཚོགས་མཆོད་འདི། །རིགས་དྲུག་སྙིང་རྗེའི་མགྲོན་ཚོགས་ཀུན་ལ་འབུལ། །རང་རང་དངོས་དགུའི་དངོས་པོར་ལོངས་སྤྱོད་ནས། །སྡུག་ཀུན་ལས་ཉོན་སྡིག་སྒྲིབ་ཀུན་བྱང་སྟེ། །བླ་མེད་བྱང་ཆེན་རྒྱལ་སར་མྱུར་རེག་ཤོག །ཅེས་འབུལ་ཞིང་བསྟབ། དེ་ནས་རྣལ་འབྱོར་པ་རྣམས་ཚོགས་ལ་རོལ་བ་ནི། ལས་ཀྱི་རྡོ་རྗེས་ཕྱག་ལེན་ལྟར་བཏེགས་ནས། ཧོཿ དཔའ་བོ་ཆེན་པོ་དགོངས་སུ་གསོལ། །འདི་ལ་ཐེ་ཚོམ་མི་བྱ་སྟེ། །བྲམ་ཟེ་ཁྱི་དང་གདོལ་པ་གསུམ། །དབྱེར་མེད་གཅིག་ཏུ་དགོངས་ཏེ་རོལ། །ཞེས་རྡོ་རྗེ་སློབ་དཔོན་ལ་ཕུལ་ནས། རྡོ་རྗེ་དཔོན་སློབ་ཀྱིས་ཀྱང་། ཧོཿ བདག་ཉིད་རྒྱལ་བ་ཀུན་གྱི་གཙོ། །བཅོམ་ལྡན་རྡོ་རྗེ་འཇིགས་བྱེད་དངོས། །ཡེ་ཤེས་བདུད་རྩི་རྒྱ་མཚོ་ཆེ། །ལྷ་རྣམས་ཚིམ་པར་བྱ་ཕྱིར་རོལ། །ཨ་ཧོ་མཧཱ་སུ་ཁ། ཞེས་པད་ཀོར་དང་བཅས་ཏེ་བླངས་ནས་བདེ་བ་ཆེན་པོའི་རོལ་པར་ཐ་མལ་གྱི་རྟོག་པ་དང་བྲལ་བར་ཚིམ་པར་ལོངས་སྤྱད། དེ་ནས་ལྷག་མ་རྣམས་བསྡུས་ཏེ་གཙང་ལྷག་དང་བསྲེས། མ་དཱ་ནས་བྲན་ཏེ་མཚན་མོ་ཡིན་ན་གྲིབ་གནོན་གྱི་གདོན་བསྲུང་ཕྱིར་ལྕེ་ལྡེའམ། སྤོས་མེ་བཙུགས་ཏེ་བྱིན་གྱིས་བརླབ་པ་ནི། བསངས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། ཨ་ལས་མི་མགོའི་སྒྱིད་པུ་གསུམ་གྱི་སྟེང་དུ་ཨ་ལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཚོགས་ལྷག་རྣམས་ཤ་ལྔ་བདུད་རྩི་ལྔའི་ངོ་བོ་སྦྱངས་རྟོགས་སྤར་གསུམ་བྱས་པ་ལས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབ༑ དེ་ནས་ལྷག་མགྲོན་འབོད་ཅིང་བསྔོ་བ་ནི། ཧཱུཾ༑ རང་གི་ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ཡིས། །ཕྱོགས་སྐྱོང་ཞིང་སྐྱོང་དྲེགས་པ་སྡེ་བརྒྱད་སོགས། །རྡོ་རྗེའི་དམ་ལ་གནས་པའི་ལྷག་མགྲོན་རྣམས། །ལྷག་གཏོར་བཞེས་ལ་རིངས་པར་འདིར་སྤྱོན་ཅིག །ཧཱུཾ། ཕྱི་ནང་གསང་བའི་དམ་རྫས་མཆོད་སྤྲིན་དང་། །དགྲ་བགེགས་ཤ་ཁྲག་མྱོས་བྱེད་ཚོགས་གཏོར་བཅས༑ །ཟག་མེད་བདུད་རྩི་འདོད་དགུའི་དཔལ་ཡོན་དུ། །བདེ་སྟོང་སྔགས་རྒྱས་བྱིན་བརླབས་ཚོགས་མཆོད་འདི། །རྡོ་རྗེའི་བཀའ་དང་དམ་ཚིག་ལ་གནས་ཤིང་། །ཕུད་ལ་མི་དབང་ལྷག་ལ་དགྱེས་པ་ཡི། །མགྲོན་རྣམས་དགྱེས་དགུར་རོལ་ཞིང་ཚིམ་པ་ཡིས། །རྣལ་འབྱོར་འདོད་དགུ་བསྒྲུབ་ལ་རིངས་པར་མཛོད། །ཅེས་བསྔོ་ཞིང་ལྷག་གཏོར་གཙང་སར་དོར། དེ་ནས་བསྐང་ཆོག་དཀྱུས་ལ་འཇུག་པར་བྱའོ། །སྨྲས་པ། འཕྲིན་ལས་རྩིབས་སྟོང་གཡོ་བའི་ཕྱག་རྒྱ་ཡི། །སྣོད་དུ་བསྟན་འགྲོའི་རི་གླིང་ཀུན་བཟུང་བས། །དབྱིག་འཛིན་གསེར་སྦྱངས་ཞུན་མའི་ལང་ཚོ་ཡི། །ཕྱོགས་ལས་རྣམ་རྒྱལ་དགའ་སྟོན་འཛིན་གྱུར་ཅིག །ཅེས་ལྷ་མཆོག་སྤྲུལ་པའི་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་ཆེན་པོ་ཚོགས་ཀྱི་འཁོར་ལོས་མཉེས་པར་བྱེད་པའི་ཆོ་ག་ཕྱོགས་ལས་རྣམ་པར་རྒྱལ་བའི་དགའ་སྟོན་ཞེས་བྱ་བ་འདི་ནི། ཕ་བོང་ཁའི་སྤྲུལ་མིང་པས་རང་ལོ་ཞེ་གཉིས་སྐབས་ལྕགས་སྤྲེལ་ལོ་ཟླ་བ་བཅུ་པའི་ཚེས་བཅུ་བཟང་པོར་དོལ་ཆུ་མིག་དཀར་མོ་ཞེས་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ཉིད་ཀྱི་ཟག་བྲལ་ཡེ་ཤེས་གང་དུ་བསྟི་བའི་ཟ་མ་ཏོག་བཞུགས་པའི་གནས་སུ་ཆེད་བསྐྱོད་ཀྱིས། དུས་ཕྱིས་བྱིན་རླབས་ཀྱི་རྟེན་སྐལ་དུ་ཁྱེར་བས་སྐུའི་དམར་གདུང་རིལ་པོ་མ་བཞུགས་ཀྱང་། ཕྱག་གཡས་པ་ཙམ་བཞུགས་པ་གདན་དྲངས་ཏེ་སྤྱན་སྔར་བསྐང་ཆོག །ཚོགས་ཀྱི་འཁོར་ལོ་དང་བཅས་ཚོགས་མཆོད་འབུལ་ཚིག་དངོས་གཞི་དེའི་ཉིན་འཕྲལ་མར་གསར་རྩོམ་བགྱིས་ཀྱང་། མགོ་མཇུག་གི་ཆོག་སྒྲིགས་བྱིངས་དེ་ཉིན་རྩོམ་མ་ཟིན་པ་རིམ་ལུས་ཡུན་འགྱངས་གྱུར་པ། སླར་རང་ལོ་ང་བརྒྱད་དུ་སོན་པ་ཤིང་ཕག་ཆུ་སྟོད་ཟླ་བའི་ཚེས་བཅུའི་ཉིན་དཔལ་འབར་བླ་བྲང་ཕུན་ཚོགས་ཡར་རྒྱས་གླིང་དུ་མངོན་པར་སྤྲོ་བ་ཆེན་པོས་སྦྱར་བ་འགྲོ་དོན་འཕེལ་བར་གྱུར་ཅིག།   །།༄༅། །ཚོགས་ཀྱི་འཁོར་ལོ་གྲངས་གསོག་མདོར་བསྡུས་བྱ་བར་སྤྲོ་ན། ཨོཾ་ཨཱཿཧཱུཾ། གིས་བྱིན་གྱིས་བརླབས་ལ། ཧཱུཾ། ཟག་མེད་འདོད་དགུའི་ཚོགས་མཆོད་འདི། །བླ་མ་ཡི་དམ་མཆོག་གསུམ་དང་། །མཁའ་འགྲོ་དམ་ཅན་རྒྱ་མཚོར་འབུལ༑ །ཁྱད་པར་དགེ་ལྡན་བསྟན་སྲུང་མཆོག །རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་རྩལ། །བསྟན་སྲུང་བསེའི་གོ་ཁྲབ་ཅན། །བཀའ་ཉན་འཁོར་ཚོགས་བཅས་ལ་འབུལ། །བཞེས་ནས་བློ་བཟང་རྒྱལ་བ་ཡི། །རིང་ལུགས་ཕྱོགས་བཅུར་རྒྱས་པ་དང་། །བདག་ཅག་དཔོན་སློབ་ཡོན་མཆོད་ཀྱི། །ཕྱི་ནང་གསང་བའི་བར་ཆད་སོལ། །སྡང་དགྲ་གནོད་བགེགས་ཐལ་བར་རློགས། །བསམ་དོན་མྱུར་དུ་འགྲུབ་པར་མཛོད། །ཅེས་པ་འདི་ཡང་གྲངས་གསོག་མདོར་བསྡུས་སྔོན་མར་ལུང་རྒྱུན་མ་བཞུགས་པས་གསར་རྩོམ་མདོར་བསྡུས་ཤིག་དགོས་ཞེས་ལུང་རིགས་སྨྲ་བ་ཕུན་ཚོགས་དཔལ་ལྡན་ལགས་ནས་བསྐུལ་མ་མཛད་པ་བཞིན་ཕ་བོང་ཁ་པས་ཤར་མར་སྤེལ་བའོ།། །། ཀྱཻ༑ འཇམ་དཔལ་ཁྲོས་པའི་སྐུ། འཇིགས་མཛད་དཔའ་བོའི་གར། མཐུ་ལྡན་དགྲ་ལྷའི་གཙོ། རྡོ་རྗེ་ཤུགས་ལྡན་རྩལ། བསྟེན་ན་སྙིང་ཉེ་ཞིང་། དམ་ལྡན་བུ་བཞིན་སྐྱོང་། རྦད་ན་མཐུ་ཆེ་ཞིང་། དྲག་ཤུལ་ཐོག་ལས་ཆེ། དགྲ་ལ་ཁྲོས་པའི་ཚེ། བདུན་བརྒྱུད་རྩད་ནས་གཅོད༑ རྣལ་འབྱོར་བདག་ཅག་གིས། གཏོར་མ་རི་ལྟར་སྤུངས། སྨན་རག་མཚོ་ལྟར་བསྐྱིལ། རྟེན་རྫས་སྐར་ལྟར་བཀྲམ། བཟའ་བཏུང་ཕུད་ཀྱིས་མཆོད། ཅི་འདོད་དགྱེས་པ་བསྐངས། དུང་བས་ཁྱོད་འབོད་ན། སྙན་གྱི་དབང་པོ་གསོན། རྟག་ཏུ་ཁྱོད་བསྒྲུབ་ན། བསྒྲུབས་པའི་རྟགས་ཕྱུངས་ཤིག །བཀའ་དང་བསྟན་པ་སྲུངས། དགྱེས་པའི་ཞལ་སྟོན་ཅིག །སྐྱོབ་པའི་དགྲ་ལྷ་མཛོད། ཕོ་ཉ་མངག་གཞུག་མཛོད། སྲུང་བའི་མཁར་རྫོང་མཛོད། མི་ནོར་གཉེར་ཁ་མཛོད། ཉིན་གྱི་བྱ་ར་དང་། མཚན་གྱི་མེལ་ཚེ་མཛོད༑ རྒྱབ་ཀྱི་སློག་པ་མཛོད། མདུན་གྱི་འཁར་བ་མཛོད། ཆུ་ལ་ཟམ་པ་དང་། བྲག་ལ་ཐེམ་སྐས་མཛོད། ཕར་འགྲོའི་སྐྱེལ་མ་དང་། ཚུར་ཡོང་བསུ་མ་མཛོད། འགྱེལ་ན་ཁྱོད་ཀྱིས་སློངས། བརྗེད་ན་ཁྱོད་ཀྱིས་བསྐུལ། ན་ན་སྨན་པ་མཛོད། དུག་ན་རྩི་སྨན་ཐོངས། སྤོ་ལ་དར་འཕྱོར་ཅིག །ཁྲོམ་ལ་དུང་བུས་ཤིག །མཉམ་གཉིས་གཤགས་འགྱེད་ན། གཤགས་ཁ་ཁྱོད་ཀྱིས་ཐོབ། མཉམ་གཉིས་རྩལ་འགྲན་ན། རྩལ་ཁ་ཁྱོད་ཀྱིས་སྟོན། མཉམ་གཉིས་རྒྱན་འགྱེད་ན། རྒྱན་གྱི་རྣོ་མགྱོགས་ཐོན། མཉམ་གཉིས་དཔལ་འགྲན་ན། དཔལ་གྱི་རུ་དར་སྒྲེངས། སྡང་བའི་དགྲ་བོ་སོད། གནོད་པའི་བགེགས་ཚོགས་ཐུལ། ལོག་པར་བལྟ་བ་སྒྲོལ། བྱུར་དང་ལྟས་ངན་ཟློག །ལེགས་པ་བརྒྱ་དང་སྤྲོད། ཉེས་པ་སྟོང་དང་བསྣོལ། རེ་བའི་བར་ཆད་སོལ། བསམ་དོན་མ་ལུས་སྒྲུབས། །ཞེས་པ་འདི་ལྕགས་ཕག་བོད་ཟླ་དང་པོའི་ཚེས་གཅིག་ཉིན་ཁྲི་བྱང་པས་བྲིས་པའོ།།   །།

རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་གྱི་ཆད་ཐོ་བཞུགས་སོ།། ༈ ཆད་ཐོ་ནི། སྣོད་ཆགས་གས་མེད་པར་གཏོར་མ་མདུན་ལེབ་ལ་མཐེབ་ཀྱུ་ཉེར་གཅིག་གིས་བསྐོར་བ་དམར་རྒྱན་དང་ཤ་དམར་གྱིས་བརྒྱན་པ། སྨན་རག་གཉིས་བཅས་བཤམས་ཏེ། ནང་མཆོད་ལྟར་བྱིན་གྱིས་བརླབས། རོལ་མོ་དབྱངས་དང་བཅས་ཏེ། ཞྭ་གྱོན་ནས་ཆད་ཐོའི་གཏོར་མ་ལག་ཏུ་ཐོགས་ཏེ། ཧཱུཾ༑ སྔོན་ཚེ་འོག་མིན་ཆོས་སྐུའི་ཞིང་ཁམས་ན། །འཇམ་དཔལ་དཔའ་བོའི་ཐུགས་རྗེའི་སྒྱུ་འཕྲུལ་ལས། །རྡོ་རྗེ་ཤུགས་ལྡན་རྩལ་དུ་བཞེངས་པའི་ཚེ། །ཞིང་བཅུའི་དགྲ་བགེགས་སྒྲོལ་བར་མ་ཆད་དམ། །ཆོས་འཁོར་མཐའ་དབུས་སྐྱོང་བར་མ་ཆད་དམ༑ །རྣལ་འབྱོར་འཕྲིན་ལས་སྒྲུབ་པར་མ་ཆད་དམ། །སྔོན་གྱི་ཁས་བླངས་དམ་བཅའ་ཇི་བཞིན་དུ། །མཆོད་གཏོར་འདི་བཞེས་བཅོལ་བའི་འཕྲིན་ལས་མཛོད། །དེ་འོག་དགའ་ལྡན་རི་བོའི་གནས་མཆོག་ཏུ། །འཇམ་མགོན་རྒྱལ་བ་གཉིས་པའི་སྤྱན་སྔ་རུ། །དགའ་ལྡན་བསྟན་སྲུང་གཉན་པོར་བཞེངས་པའི་ཚེ། །ཞིང་བཅུའི་དགྲ་བགེགས་སྒྲོལ་བར་མ་ཆད་དམ༑ །ཆོས་འཁོར་མཐའ་དབུས་སྐྱོང་བར་མ་ཆད་དམ། །རྣལ་འབྱོར་འཕྲིན་ལས་སྒྲུབ་པར་མ་ཆད་དམ། །སྔོན་གྱི་ཁས་བླངས་དམ་བཅའ་ཇི་བཞིན་དུ། །མཆོད་གཏོར་འདི་བཞེས་བཅོལ་བའི་འཕྲིན་ལས་མཛོད། །ལྔ་བརྒྱའི་ཐ་མར་གྲགས་པ་རྒྱལ་མཚན་གྱིས། །སྙན་བརྒྱུད་བསྟན་སྲུང་མངའ་གསོལ་གཟེངས་བསྟོད་ནས། །སྐྱེས་མཆོག་རྡོ་རྗེ་ཤུགས་ལྡན་བཞེངས་པའི་ཚེ། །ཞིང་བཅུའི་དགྲ་བགེགས་སྒྲོལ་བར་མ་ཆད་དམ། །ཆོས་འཁོར་མཐའ་དབུས་སྐྱོང་བར་མ་ཆད་དམ། །རྣལ་འབྱོར་འཕྲིན་ལས་སྒྲུབ་པར་མ་ཆད་དམ། །སྔོན་གྱི་ཁས་བླངས་དམ་བཅའ་ཇི་བཞིན་དུ། །མཆོད་གཏོར་འདི་བཞེས་བཅོལ་བའི་འཕྲིན་ལས་མཛོད། །ད་ལྟ་རང་སྣང་མོས་ངོའི་དཀྱིལ་འཁོར་དུ༑ །རྡོ་རྗེ་སློབ་དཔོན་རྣལ་འབྱོར་ཚོགས་རྣམས་ཀྱིས། །བསྙེན་སྒྲུབ་ལས་བཅོལ་འབད་པས་བགྱིས་པའི་ཚེ། །ཞིང་བཅུའི་དགྲ་བགེགས་སྒྲོལ་བར་མ་ཆད་དམ། །ཆོས་འཁོར་མཐའ་དབུས་སྐྱོང་བར་མ་ཆད་དམ། །རྣལ་འབྱོར་འཕྲིན་ལས་སྒྲུབ་པར་མ་ཆད་དམ། །སྔོན་གྱི་ཁས་བླངས་དམ་བཅའ་ཇི་བཞིན་དུ། །མཆོད་གཏོར་འདི་བཞེས་བཅོལ་བའི་འཕྲིན་ལས་མཛོད། ༈ ཧཱུཾ། དཔོན་སློབ་དགོན་གནས་དགེ་འདུན་བཅས་པ་ཡིས། །བསྒྲུབས་བསྒྲུབས་བསྟེན་པའི་སྲུང་མ་ཁྱོད་མིན་པ། །རེ་ས་གཞན་ན་མེད་དོ་བརྩེར་དགོངས་ལ༑ །གཞི་ལམ་བྱེས་གསུམ་ཀུན་ཏུ་སྐྱབས་མཛོད་ཅིག །ཉིན་གསུམ་འབོད་དོ་ཉིན་གྱི་བྱ་ར་མཛོད། །མཚན་གསུམ་འབོད་དོ་མཚན་གྱི་མེལ་ཚེ་མཛོད། །མི་ནད་ཕྱུགས་ནད་ཁ་སྨྲས་ཆོམ་རྐུན་སོགས། །མི་འདོད་ཉེར་འཚེ་ཐམས་ཅད་ཕྱིར་བཟློག་ཅིག །ཟས་ནོར་ལོངས་སྤྱོད་རྐང་འགྲོ་རིན་ཆེན་སོགས། །མཁོ་རྒུའི་འབྱོར་པ་དབྱར་གྱི་སྤྲིན་བཞིན་བསྡུ། །རྣམ་དཀར་ཆོས་ཀྱི་བྱ་བ་མ་ལུས་པ། །སྨོན་པ་བཞིན་དུ་འགྲུབ་པའི་གདོང་གྲོགས་མཛོད།། ༈ འཇམ་མགོན་རྒྱལ་བའི་བསྟན་སྲུང་སྤྲུལ་པའི་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་རྩལ་གྱི་བསྐང་ཆོག་འབྲིང་པོ་ལས་བཞིའི་འཕྲིན་ལས་མྱུར་འགུགས་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ། འདིར་སྤྲུལ་པའི་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་གྱི་བསྐང་ཆོག་ཅུང་ཟད་བསྡུས་པ་བྱ་བར་འདོད་པས། གཏོར་མ་རྒྱལ་ཆེན་རིགས་ལྔར་ཤ་གཟུགས་མ་ལྔ། འཁོར་གཏོར་མཐེབ་ཀྱུ་ཙམ་གྱིས་བསྐོར། ཞི་དྲག་གི་ཉེར་སྤྱོད་གཉིས་དང་། ཇ་ཆང་འོ་ཕུད་སོགས་མཆོད་པ་གཙང་ཞིང་དམ་སེལ་གྱིས་མ་གོས་པ་ལེགས་པར་བཤམ། སྐྱབས་སེམས། དགའ་ལྷའི་རྣལ་འབྱོར་དང་འབྲེལ་བའི་དམིགས་བརྩེ་མ༑ བདག་བསྐྱེད་རྒྱས་བསྡུས་གང་རིགས་སྔོན་དུ་བཏང་། མཆོད་པ་རྣམས་བླ་མེད་ལྟར་བྱིན་གྱིས་བརླབ། བསྐྱེད་ཆོག་དངོས་ནི། ལས་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ་བཻ་ཌཱུརྻའི་ས་གཞིར་སྐྱེད་མོས་ཚལ། མཚོ་དང་རྫིང་བུ་སོགས་ཀྱིས་མཛེས་ཤིང་རིན་པོ་ཆེའི་རི་བོས་མཐའ་བསྐོར་བའི་དབུས་སུ་དབང་དྲག་རོལ་པའི་གཞལ་ཡས་ཁང་རྔམ་ཞིང་བརྗིད་པའི་ནང་དུ་གདོང་ལྔའི་དབང་པོ་འཇིགས་སུ་རུང་བ། རིན་པོ་ཆེའི་རྒྱན་དང་དར་ཟབ་ཀྱིས་གཡོགས་པའི་སྟེང་དུ་ཡ་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་ངོ་བོ་འཇམ་དཔལ་གཤིན་རྗེ་གཤེད་ཞེས་པ་ནས། དྲག་པོའི་བྱ་ཁྱུང་ལ་ཆིབས་པ། དེ་དག་གི་མཐའ་བསྐོར་དུ་མཛེས་སྡུག་ཡུམ་ཆེན་དགུ། སྣ་འདྲེན་དགེ་སློང་བརྒྱད། ལས་མཁན་སྟག་ཤར་བཅུ། དྲེགས་པ་སྡེ་བརྒྱད་ལ་སོགས་པའི་འཁོར་ཚོགས་རྒྱ་མཚོ་ལྟ་བུས་བསྐོར་བར་གྱུར། གཙོ་བོའི་ཐུགས་ཀ་དང་ཞེས་པ་ནས། སྐད་ཅིག་གིས་བཛྲ་ས་མཱ་ཡ་ཛཿཛཿ སྤོས་སྦྱོར་བསྲེག་ཅིང་རོལ་མོ་དབྱངས་དང་བཅས་སྤྱན་འདྲེན་པ་ནི། ཧཱུཾ༑ རབ་ཞི་ཆོས་སྐུའི་དབྱིངས་ལས་མ་གཡོས་ཀྱང་། །ཞེས་པ་ནས། དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཞེས་སྤྱན་དྲངས་ཏེ་དམ་ཚིག་པ་དང་དབྱེར་མེད་དུ་གྱུར་པར་བསམ། དེ་ནས་མཆོད་ཅིང་བསྟོད་པ་ནི། ཨོཾ་དྷརྨཱ་པཱ་ལ་མཧཱ་རཱ་ཛ་བཛྲ་བེ་ག་ཝན་རུ་དྲཿཔཉྩ་ཀཱུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཞེས་པ་ནས། ཤཔྟའི་བར་གྱིས་མཆོད། ཨོཾ་དྷརྨཱ་པཱ་ལ་མཧཱ་རཱ་ཛ་བཛྲ་བེ་ག་ཝན་རུ་དྲཿཔཉྩ་ཀཱུ་ལ་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུཾ། ཞེས་ནང་མཆོད་འབུལ། གང་ཞིག་དྲན་པ་ཙམ་གྱིས་ཕྱི་ནང་གི །བར་ཆད་ཀུན་སེལ་ལས་བཞིའི་འཕྲིན་ལས་རྣམས། །སྩོལ་མཛད་རྒྱལ་ཆེན་ཤུགས་ལྡན་རིགས་ལྔ་རྩལ། །བསྟན་སྲུང་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །དེ་ནས་བཤགས་པ་བྱ་བ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་ཞེས་པ་ནས། སྙིང་ནས་བཤགས་སོ་བརྩེ་བས་རྗེས་བཟུང་མཛོད། །དེ་ནས་བསྐང་བ་བྱ་བ་ལ། བསྐང་རྫས་བྱིན་རླབས་ནི། ལས་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བསྐང་རྫས་རྣམས་རང་རང་གི་ཞེས་པ་ནས། བཛྲ་སྥ་ར་ཎ་ཁཾ། ལན་གསུམ། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུཾ། ནས། སྤརྴ་ཨཱཿཧཱུཾ། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷེ་སོགས་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབ། བདག་གི་བསམ་པའི་སྟོབས་དང་ནི། །སོགས་བདེན་སྟོབས་བརྗོད་པས་བསྐང་རྫས་བྱིན་གྱིས་བརླབ། བསྐང་གཏོར་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། རོལ་མོ་དབྱངས་དང་བཅས། ཧཱུཾ༑ ཆོས་དབྱིངས་བདེ་བ་ཆེན་པོའི་རྣམ་རོལ་ལས། །ཞེས་པ་ནས། བློ་བཟང་བསྟན་དགྲ་ཐལ་བར་བརླག་པར་མཛོད། །དེ་ནས་ཆོས་སྐུ་མའི་བཟློག་པ་དང་མཐུན་གྲུབ་མ་རྣམས་སྤྱི་འགྲོ་ལྟར་བྱ། དེ་ནས་བཟླས་པ་བྱ་བ་ནི། རང་ཡི་དམ་དུ་གསལ་བའི་སོགས། བཟླས་པ། གཏོར་འབུལ། གཏོར་རྫོང་དང་བཅས་གཞུང་བཞིན་བཏང་། དེ་ནས་བསྟོད་པ་བྱ་བ་ནི། བདེར་གཤེགས་བསྟན་པའི་སྙིང་པོ་དྲི་མེད་ཕུལ། །ཞེས་པ་ནས། མཐའ་ཀླས་སྤྲུལ་པའི་བཀོད་པར་ཕྱག་འཚལ་བསྟོད། །དེ་ལྟར་བསྟོད་ནས་འདོད་དོན་འཕྲིན་ལས་བཅོལ་བ་ནི། ཧཱུཾ༑ དམ་ལྡན་སྒྲུབ་པོས་ཁྱོད་ལ་གང་བཅོལ་བའི། །ཞེས་པ་ནས། ཉིན་མཚན་དུས་དྲུག་བྱ་ར་མ་གཡེལ་མཛོད། །དེ་ནས་བསྐུལ་བྱ་དགོས་པ་བྱུང་ན་རྒྱས་པ་འཚུབས་སློང་ཆེ་བས་ཤིན་ཏུ་བསྡུས་པ་བྱ་ཚུལ་ནི། བསྐུལ་གཏོར་ཤ་ཁྲག་གིས་བརྒྱན་པ་བཤམས་པ་ཡི་དམ་གྱི་ང་རྒྱལ་བརྟན་པོའི་ངང་ནས། ཧཱུཾ༑ རྒྱལ་བའི་བསྟན་དང་བསྟན་འཛིན་དགེ་འདུན་སྡེར། །བསམ་སྦྱོར་ལོག་པར་འཁུ་བའི་དགྲ་བགེགས་ཀུན། །ལོ་ཟླ་ཞག་དང་སྐད་ཅིག་མ་འགྱངས་པར། །དྲག་པོའི་ཆད་ལས་མི་བཟད་སྣ་ཚོགས་པས། །ལེ་ལོ་གཡེང་དང་ཟས་ཕྱིར་མ་འབྲང་བར། །སྨྱོ་འབོག་བརྒྱལ་དང་རིམས་ནད་གཟེར་ཐུང་ཕོབ། །ལུས་དང་སེམས་ཕྲོལ་ཤ་ཁྲག་ཞལ་དུ་གསོལ། །ཀླད་པ་འཇིབ་ཅིང་རུས་མུར་ལྤགས་པ་གྱོན། །ངན་སེམས་མདུན་གྲོས་བྱེ་བའི་ཆང་བུར་ཤིགས༑ །མངའ་ཐང་སྣུམ་ཟད་མར་མེ་ཇི་བཞིན་ཐོངས། །ཚེ་དཔལ་ལོངས་སྤྱོད་རྒྱབ་རྟེན་དཔུང་དང་བཅས། །བྱ་སྒྲོ་མེ་ཡིས་བསྲེགས་བཞིན་ལྷག་མེད་མཛོད། །མདོར་ན་བདག་ལ་གནོད་ཅིང་འཚེ་བའི་དགྲ། །དངོས་དང་རྗེས་འབྲངས་མིང་གི་ལྷག་མར་ཐོངས། །བཅོལ་བའི་ལས་འདི་ད་ལྟ་མ་བསྒྲུབས་ན། །དངོས་བརྒྱུད་བླ་མའི་བཀའ་དང་དམ་ལས་འདས༑ །རྣལ་འབྱོར་བསྟེན་གསོལ་དོན་མེད་རེ་བའི་འབྲས། །བསླུས་པས་ངོ་ནོངས་བསྟན་སྲུང་མིང་ཙམ་གྱུར། །དེ་བས་དམ་ཚིག་གཉན་པོ་མ་དྲལ་བར། །མཐུ་རྩལ་དྲག་ཏུ་བསྐྱེད་ལ་ལས་ཀུན་མཛོད། །ཅེས་བསྐུལ་ཏེ་བསྐུལ་གཏོར་ཟོར་དུ་འཕང་ངོ་། །དྲག་བསྐུལ་འདི་བཞིན་བྲག་རི་རྡོ་རྗེ་འཆང་རྒྱ་མཚོ་མཐའ་ཡས་ཀྱི་གསུང་བཅོས་སླད་མེད་པའོ། །དེ་ནས། ཧཱུཾ་༑ མཐུན་པའི་དངོས་གྲུབ་མ་ལུས་པ། །དེང་འདིར་བདག་ལ་སྩལ་དུ་གསོལ། །འཁོར་དང་བསྟན་པ་ལོངས་སྤྱོད་རྣམས། །རྒྱས་པར་མཛོད་ཅིག་ཤུགས་ལྡན་རྩལ། །བསྐུལ་འདི་གལ་ཆེ་དུས་ལས་རྒྱུན་དུ་མི་གཏོང་ངོ་། །མངའ་གསོལ་ནི། ཕྱི་རོལ་དུ་བསངས་ཀྱི་དུད་སྤྲིན་དང་བཅས། ཧཱུཾ༑ བློ་བཟང་རྒྱལ་བའི་རིང་ལུགས་སྐྱོང་བ་ལ། །ཐུགས་བསྐྱེད་ལས་བཞིའི་འཕྲིན་ལས་རྣོ་མྱུར་ཤུགས། །ཀུན་ལས་ཁྱད་པར་འཕགས་པའི་བསྟན་སྲུང་མཆོག །ཁྱོད་ཀྱི་དབུ་འཕང་བསྟོད་ཅིང་མངའ་གསོལ་ལོ། །བླང་དོར་ལེགས་ལམ་སྟོན་པའི་བླ་མ་དང་། །མཆོག་ཐུན་དངོས་གྲུབ་སྩོལ་མཛད་ཡི་དམ་ལྷ། །འཕྲིན་ལས་བཞི་ཡི་གྲོགས་མཛད་བསྟན་སྲུང་མཆོག །བླ་མ་ལྷ་སྲུང་འདུས་སྐུར་མངའ་གསོལ་ལོ། །བདག་ཅག་དཔོན་སློབ་མི་ནོར་ཕྱི་ནང་རྫས། །ཀུན་གྱི་གཉེར་གཏད་སྲུང་མར་མངའ་གསོལ་ན། །དེང་ནས་བྱང་ཆུབ་སྙིང་པོ་མ་ཐོབ་པར། །ལས་བཞིའི་འཕྲིན་ལས་སྒྲུབ་ལ་མ་གཡེལ་ཞིག །དེ་ནས་གཏང་རག་གི་མཆོད་བསྟོད་བྱས་ལ་ལྷག་ཆད་ཀྱི་ཉེས་པ་བསྐང་ཕྱིར་ཡིག་བརྒྱ་དང་བཟོད་གསོལ་ནན་ཏན་བྱ། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་སུ་གསོལ། ཉེར་བསྡུ་སྨོན་ཤིས་སོགས་མཇུག་ཆོག་རྣམས་སྤྱི་འགྲོ་ལྟར་བྱའོ། །དེ་ལྟར་སྤྲུལ་པའི་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་རྩལ་གྱི་བསྐང་ཆོག་འབྲིང་པོ་ལས་བཞིའི་འཕྲིན་ལས་མྱུར་འགུགས་ཞེས་བྱ་བ་འདི་ཡང་མདོ་སྨད་ཐང་སྟེང་མགར་ཐར་སྤྲུལ་སྐུ་རིན་པོ་ཆེ་ཐུབ་བསྟན་འཇིགས་མེད་གྲགས་པ་རྣམ་རྒྱལ་དང་། སྐུ་མཆེད་རྡོ་རྗེ་རྣམ་རྒྱལ་བཅས་ཀྱིས་བསྐུལ་མ་ཇི་ལྟར་མཛད་པ་བཞིན༧ཕ་བོང་ཁ་པ་བདེ་ཆེན་སྙིང་པོས་ལྕགས་རྟ་ཐ་སྐར་ཟླ་བའི་དྲག་པོའི་ལས་ལ་ཤིས་པའི་ཚེས་ཀྱི་ཉིན་སྤྲོ་གླིང་མེ་ཏོག་བཀྲ་བའི་སྐྱེད་ཚལ་དུ་བསྐང་ཆོག་རྒྱས་པ་ལས་བསྡུས་ཏེ་ཇ་སྦྱོར་གཅིག་ལ་འཕྲལ་མར་བྲིས་པའི་ཡི་གེ་པ་ནི་ངག་ལྡན་དཔོན་ལྷ་ཐུབ་བསྟན་གསུང་རབ་ཀྱིས་བགྱིས་པའོ།།   །།མངྒ་ལཾ།།  


Popular Posts